འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའུ་ཡིས་ཨ་རི་ལ་འབྲེལ་གཏུག་ནན་པོ་བྱ་དགོས་པ་བཏོན།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་13ཉིན། 14:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་12ཉིན། "ཨ་རིའི་ཐའེ་ཝན་མཐུན་ཚོགས"ཐའེ་པེ་དོན་གཅོད་ཁང་དུ་ས་གནས་གསར་པ་བཙུགས་པའི་མཛད་སྒོ་སྤེལ་བར་དམིགས་ནས། ཕྱི་འབྲེལ་པུའུ་ཡི་གཏམ་བཤད་པ་ཀོན་ཧྲོང་གིས། ཀྲུང་གོའི་ཕྱོགས་ཀྱིས་འབྲེལ་ཡོད་གནས་འཕྲིན་ལ་དོ་སྣང་ཆེན་པོ་བྱས་ཡོད་པ་མ་ཟད། ད་དུང་ཨ་རི་ལ་འབྲེལ་གཏུག་ནན་པོ་བྱ་དགོས་པ་བཏོན་ཡོད་པ་བསྟན།
         ཉིན་དེའི་འཆར་ཅན་གྱི་གསར་འགོད་པའི་ཚོགས་ཐོག་ཏུ། གསར་འགོད་པས། ཨ་རིའི་ཐེའེ་ཝན་མཐུན་ཚོགས་ཐའེ་པེ་དོན་གཅོད་ཁང་དུ་ས་གནས་གསར་པ་བཙུགས་པའི་མཛད་སྒོ་སྤེལ་བ་དང་། ཨ་རིའི་རྒྱལ་དོན་ཁང་གི་སློབ་གསོ་རིག་གནས་ལས་དོན་གྱི་ལས་རོགས་ཏེ་རྒྱལ་དོན་བློན་ཆེན་གྱི་ལས་རོགས་ལའོ་དབྱི་སི་སོགས་ཞུགས་ཡོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལ་དཔྱད་འཇོག་གང་ཡོད་དམ་ཞེས་དྲིས་པ་ལ།
         ང་ཚོས་འབྲེལ་ཡོད་གནས་འཕྲིན་ལ་དོ་ཁུར་ཆེན་པོ་བྱས་ཡོད་པ་མ་ཟད། ད་དུང་ཨ་རི་ལ་འབྲེལ་གཏུག་ནན་པོ་བྱ་དགོས་པ་བཏོན་ཡོད་ཅེས་ཀོན་ཧྲོང་གིས་བཤད་པ་རེད།
         ཁོང་གིས། ཨ་རིས་གང་རུང་ལ་ཁ་གཡར་ནས་གཞུང་ལས་པ་ཐའེ་ཝན་དུ་བྱེད་སྒོ་རུ་ཞུགས་པ་མངགས་ན། ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨ་མེ་རི་ཁ་གཉིས་ཀྱིས་མཉམ་འབྲེལ་སྤྱི་བསྒྲགས་》ཀྱི་གཏན་འབེབས་དང་ཚབས་ཆེན་འགལ་བ་རེད། དེ་ནི་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་དང་ཀྲུང་གོ་དང་ཨ་རིའི་འབྲེལ་བར་ཤུགས་རྐྱེན་ངན་པ་བཏང་བ་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།