འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་རིམ་ཁག་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རྣམ་གྲངས་ཀྱི་
    གྲངས་འབོར་1000ལྷག་ཙམ་ཟིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་13ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ཀྲུང་དབྱང་དང་བོད་ལྗོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་གཏོང་ཆ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་མངོན་མིན་རིག་གནས་ཤུལ་བཞག་གི་འཇིགས་ཉེའི་ཚད་གཞི་གཞིར་བཟུང་། མྱུར་སྐྱོབ་རང་བཞིན་གྱི་ཟིན་ཐོ་འགོད་པའི་ལས་དོན་ཧུར་ཐག་སྤེལ་བ་དང་། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཡོངས་བཤེར་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་དཔུང་ཁག་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་བཅས་ཀྱི་བྱ་ཐབས་རབ་དང་རིམ་པ་བརྒྱུད། བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་རྒྱུན་འཛིན་དང་སྲུང་སྐྱོབ་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། བསྡོམས་རྩིས་བྱས་པ་བརྒྱུད་བོད་ལྗོངས་སུ་མིག་སྔར་རིམ་ཁག་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རྣམ་གྲངས་1000ལྷག་ཡོད་པ་དང་རིམ་པ་ཁག་གི་རྒྱུན་འཛིན་པ་700ཙམ་ཡོད་པ་མངོན་ཡོད།
          དེའི་ནང་རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་89དང་རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་96ཡོད་པ་དང་། བོད་རང་སྐྱོང་ལྗོངས་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁག་460དང་བོད་རང་སྐྱོང་ལྗོངས་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་350ཡོད་པ། གྲོང་ཁྱེར(ས་ཁུལ)རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁག་487དང་གྲོང་ཁྱེར་དང་ས་ཁུལ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་254ཡོད་ལ། ལྷ་མོ་དང་གླིང་སྒྲུང་གཉིས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་ནང་བཅུག་ཡོད།
          བོད་རང་སྐྱོང་ལྗོངས་མི་རིགས་སྒྱུ་རྩལ་ཞིབ་འཇུག་སུའོ་ཡི་སུའུ་ཀྲང་གཞོན་པ། ཞིབ་འཇུག་པ་གཞོན་པ་ངག་དབང་བསྟན་འཛིན་གྱིས“རིམ་ཁག་སྡེ་ཚན་ཁག་གིས་མངོན་མིན་རིག་གནས་ཤུལ་བཞག་ལ་མཐོང་ཆེན་བྱས་པས། བོད་ལྗོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཡོངས་བཤེར་བརྒྱུད་ཐོ་བཀོད་ཟིན་ཐོ་ཁྲི་10ལྷག་ཙམ་དང་། སྒྲ་བརྙན་འོད་སྡེར་1500ལྷག་ཙམ། པར་རིས་ཁྲི་4ལྷག་ཙམ་བསྡུ་ལེན་བྱས་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་རིགས་10དང་རྣམ་གྲངས་སྣ་ཚོགས་1000ཙམ་ཤེས་རྟོགས་ཐུབ་པ་དག་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་དང་རིགས་ཆ་ཚང་ལ་ཁྱབ་ཡོད”ཅེས་བརྗོད། གཞན་ཡང་མངོན་མིན་རིག་གནས་ཤུལ་བཞག་གི་དཔེ་ཚོམ་དང་སྒྲ་བརྙན་རིགས་ཀྱི་ཐོན་རྫས་པར་སྐྲུན་བྱས་ཏེ་ཡོངས་བཤེར་གྱི་གྲུབ་འབྲས་དེ་མིག་མཐོང་ལག་ཟིན་ཐུབ་པའི་དཔྱད་གཞི་དངོས་སུ་བསྒྱུར་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།