འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ནས་ཀྱི་སོན་བཟང་ཁྱབ་གདལ་ཤུགས་ཆེན་བཏང་བ། 

    འདི་ལོར་མུའུ་ཁྲི་བརྒྱད་ཅུ་ལྷག་ལ“ཧི་མ་ལ་ཡ་ཨང་22”འདེབས་རྒྱུ་ཁྱབ་གདལ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་13ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པར་ཐོན་མཐོའི་ནས“ཧི་མ་ལ་ཡ་ཨང་22”འདེབས་འཛུགས་ཁྱབ་གདལ་བཏང་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། བོད་ལྗོངས་ཀྱིས་ཐོན་མཐོའི་ནས“ཧི་མ་ལ་ཡ་ཨང་22”འདེབས་རྒྱུ་ཁྱབ་གདལ་བཏང་ནས་འདི་ལོར་ལྗོངས་ཡོངས་སུ་མུའུ་ཁྲི་83.91འདེབས་རྒྱུ་དོན་འཁྱོལ་བྱས་པ་དང་། 2019ལོར་ལྗོངས་ཡོངས་སུ་ནས་འདེབས་ཁྱོན་བསྡོམས་འབོར་གྱི་50%ཡན་ཟིན་པ་བྱས་ནས་ལྗོངས་ཡོངས་ཀྱི་ནས་འདེབས་པའི་སྣེ་ཁ་གཙོ་བོར་འགྱུར་རྒྱུ་དང་། 2020ལོར་ནས་འདེབས་ཁྱོན་བསྡོམས་འབོར་གྱི་60%ཡན་ཟིན་པ་བྱ་རྒྱུ་རེད།
          བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་ཏང་ཙུའི་ཁོངས་མི་ལིང་མུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་དུས་ཁྱབ་གདལ་གཏོང་བའི་ནས་ཀྱི་སོན་བཟང་ཁྲོད“ཧི་མ་ལ་ཡ་ཨང་22”ནི་ད་ཆ་བོད་ལྗོངས་ཀྱི་དཔྱིད་ཀའི་ནས་ཀྱི་སོན་བཟང་ཁྲོད་ཐོན་འབབ་མཐོ་ཤོས་ཡིན་པ་དང་། དེར་ལོ་ཏོག་མི་ཉལ་བ་དང་། ཐན་པ་དང་བཞའ་ཚན་འཁྱོག་པ། གདབ་ཡུལ་འཚམ་པོར་ཁྱབ་གདལ་གཏོང་ནུས་ལྡན་པ(མཐོ་ཚད་ས་བབ་སྨི་4100མན་གྱི་ས་ཆ་ཚང་མར་འདེབས་ཆོག) ཐོན་འབབ་མཐོ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། ན་ནིང་སྣེ་ཁ་དེ་གཞིས་རྩེ་གྲོང་ཁྱེར་ཐོན་མཐོའི་འདེབས་གསོ་དཔེ་སྟོན་ཁུལ་དུ་བཏབ་སྟེ་མུའུ་རེ་ནས་སྤྱི་རྒྱ་450ལྷག་དང་མཐོ་ཤོས་ལ་མུའུ་རེ་ནས་སྤྱི་རྒྱ་572.5བྱུང་སྟེ་ཐོན་འབབ་འཕར་ཚད་10%ནས་15%ཡས་མས་བར་མཐོ་རུ་སོང་ཡོད། དེར་བརྟེན“ཧི་མ་ལ་ཡ་ཨང་22”ཁྱབ་གདལ་གཏོང་བ་དེས་ལྗོངས་ཡོངས་ཀྱི་ནས་ཀྱི་ཐོན་འབོར་མཐོ་རུ་ཕྱིན་ནས་བོད་ལྗོངས་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་ནུས་ལྡན་ཐུབ་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་གཏོང་མཁན་དང་ཞིང་འབྲོག་མང་ཚོགས་ཀྱི་འདེབས་འཛུགས་ལག་རྩལ་མཐོ་རུ་གཏོང་ཆེད། བོད་རང་ལྗོངས་ཀྱིས་རིམ་པ་བཞིན་གསོ་སྦྱོང་གི་བྱེད་ཐབས་སྤྱད་དེ“ཧི་མ་ལ་ཡ་ཨང་22”ཀྱི་དམིགས་བསལ་ཁྱད་ཆོས་དང་། འདེབས་པའི་ལག་རྩལ། སོན་བཟང་གསོ་སྤེལ། ནད་དང་། འབུ། རྩྭ་བཅས་གནོད་མེད་སྒོ་ནས་སྔོན་འགོག་དང་ཚོད་འཛིན། ཞིང་ལས་འཕྲུལ་ཆས་ཅན་དུ་འགྱུར་བ་སོགས་ཀྱི་གསོ་སྦྱོང་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།