འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་51ཡིན་པའི་སྐྱེས་པ་ཞིག་མཐོ་རྒྱུགས་སུ་ཐེངས་22ཞུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་08ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ལོ་51ཡིན་པའི་སྐྱེས་པ་ཞིག་མཐོ་རྒྱུགས་སུ་ཐེངས་22ཞུགས་པ།
          མི་དམངས་དྲ་བའི་འཕྲིན། 2018ལོའི་ཟླ་6ཚེས་7ཉིན། ལོ་51ཡིན་པའི་ཁྲེང་ཏུའུ་ཡི་རྒྱུགས་སྤྲོད་མཁན་ལིའང་ཧྲེན་ཐེངས་22ལ་མཐོ་རྒྱུགས་སུ་ཞུགས་པ་རེད། ཁོང་ནི་1983ལོ་ནས་2017ལོའི་བར་དུ་མཐོ་རྒྱུགས་སུ་ཞུགས་པས། སྔ་རྗེས་ཐེངས་21ལ་མཐོ་རྒྱུགས་སུ་ཞུགས་ཡོད་། ཡིན་ནའང་སྔ་གཞུག་ཚང་མར་སེམས་ནང་གི་སློབ་ཆེན་དུ་རྒྱུགས་བླངས་མེད་པ་རེད།
         1983ལོར་ལིའང་ཧྲེང་ཐེངས་དང་པོར་མཐོ་རྒྱུགས་སུ་ཞུགས་པ་རེད། དེ་མཐུད་ནས་ལོ་5ཡི་རིང་ལ་མཐོ་རྒྱུགས་སུ་ཞུགས་མོད། ཡིན་ནའང་སྔར་བཞིན་རྒྱུགས་བླངས་མེད་པ་རེད། དེའི་རྗེས་སུ་ཁོང་གིས་མཉེན་སྒྲིག་བྱས་ནས། བུ་ཕྲུག་སྐྱེས་པ་དང་། ཚོང་ལས་བྱས་པ་རེད། 2001ལོར་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་ལ་ལོ་ཆེ་ཆུང་དང་མཉེན་སྒྲིག་ཡོད་མེད་ཀྱི་ཚོད་འཛིན་མེད་པ་བྱས་རྗེས། ལིའང་ཧྲེང་སླར་ཡང་མཐོ་རྒྱུགས་ལ་ཞུགས་པ་རེད།
         ལིའང་ཧྲེང་གིས་མཐོ་རྒྱུགས་སུ་ཐེངས་དང་པོ་ཞུགས་པ་ནས་བཟུང་། ལོ་35ལ་རྒྱུན་འཁྱོངས་བྱས་པ་ཡིན། དེ་ནི་ཅི་གང་གིའང་ཆེད་མིན། དེ་ནི་རང་ཉིད་ཀྱི་སེམས་ནང་གི་སློབ་ཆེན་དུ་འགྲོ་ཐུབ་པའི་ཆེད་དུ་ཡིན་ཞེས་བཤད། 
    ༄༅།།ལོ་51ཡིན་པའི་སྐྱེས་པ་ཞིག་མཐོ་རྒྱུགས་སུ་ཐེངས་22ཞུགས་པ།
    ༄༅།།ལོ་51ཡིན་པའི་སྐྱེས་པ་ཞིག་མཐོ་རྒྱུགས་སུ་ཐེངས་22ཞུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།