འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།དྲ་ཐོག་གི"ཀྲུང་གོའི་མི་བཟང་ཁང"ཞེས་པ་དངོས་སུ་ཤར་གཏོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་01ཉིན། 14:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།དྲ་ཐོག་གི'ཀྲུང་གོའི་མི་བཟང་ཁང'ཞེས་པ་དངོས་སུ་ཤར་གཏོང་བྱས་པ།
        མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་30ཉིན། དྲ་ཐོག་གི"ཀྲུང་གོའི་མི་བཟང་ཁང"(www.zghrg.gov.cn)ཞེས་པའི་དྲ་ཞུགས་མཛད་སྒོ་ཧྲའན་ཞི་ཡན་ཨན་དུ་སྤེལ་བ་རེད།
        ཀྲུང་གོ་རིག་གནས་དྲ་བས་གཙོ་གཉེར་དང་། མི་དམངས་དྲ་བའི་རོགས་གཉེར་བྱས་པའི"ཀྲུང་གོའི་མི་བཟང་ཁང"ཞེས་པའི་དམིགས་ཡུལ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་བསྟར་ཤུགས་ཆེན་བྱེད་པ། སྤྱི་དམངས་ཀྱི་ཀུན་སྤྱོད་ལེགས་སྐྱོང་ལས་གཞི་གཏིང་ཟབ་ལག་བསྟར་བྱེད་པ་དེ་ཡིན་།
        དྲ་ཐོག་གི"ཀྲུང་གོའི་མི་བཟང་ཁང"ཞེས་པར་གླེང་གཞིའི་ཚོམས་ཆེན་དང་། ཚོམས་ཆེན་གཙོ་བོ། ཚོམས་ཆེན་ཕལ་པ་བཅས་ཁག་གསུམ་དབྱེ་ཡོད་པ་དང་སྦྲགས། 3Dལག་རྩལ་གྱིས་འགྲེམས་སྟོན་ཁང་གི་ཡུལ་ལྗོངས་དངོས་ཀྱི་རྣམ་པ་མངོན་པ་བྱས་པ་ལ། པར་རིས་དང་ཡི་གེ བརྙན་ཕབ། སྒྲ  འགུལ་རིས། རྩེད་མོ་སོགས་ཀྱི་རྣམ་པ་བརྒྱུད་དེ། དེང་རབས་ཀྱི་ལེ་ཧྥུང་དང་། དུས་རབས་ཀྱི་མིག་དཔེ། ཀུན་སྤྱོད་ཀྱི་མིག་དཔེ། མི་སྣ་མཛེས་ཤོས། ཀྲུང་གོའི་མི་བཟང་བཅས་ཀྱི་སྔོན་ཐོན་བྱས་རྗེས་དང་བླ་ན་མེད་པའི་སྙིང་སྟོབས་གསོན་ཉམས་དོད་པོས་མངོན་པར་བྱས་ནས། སྤྱི་དམངས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་ཚོར་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དྲིལ་བསྒྲགས་དང་སློབ་གསོའི་བྱེད་སྒོ་སྤེལ་ཏེ། དྲ་ཐོག་ནས་སྟབས་བདེ་ཅན་དང་། མཉམ་འགུལ་ཅན། ཉིན་མཚན་ཧྲིལ་པོ་བཅས་ཀྱི་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་འཐབ་ས་དཔེ་གསར་ཅན་གཏོད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།