འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།གྲོང་གསེབ་ས་ཁུལ་གྱི་སློབ་གྲྭའི་སློབ་གསོར་རྒྱབ་སྐྱོར་བྱེད་པའི་སྤྱི་ཕན་བྱེད་སྒོ་སྤེལ་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་01ཉིན། 12:35】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཚེས་29ཉིན། པེ་ཅིང་གྲོང་ཁྱེར་སློབ་གསོ་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ཟློས་གར་ཁང་ཆེ་མོས་རྒྱབ་སྐྱོར་བྱས་པའི་གྲོང་གསེབ་ས་ཁུལ་གྱི་སློབ་གྲྭའི་སྒྱུ་རྩལ་སློབ་གསོའི་སྤྱི་ཕན་བྱེད་སྒོའི་འགོ་འཛུགས་མཛད་སྒོ་དང་2018ལོའི་རྒྱལ་ཁབ་ཟློས་གར་ཁང་ཆེ་མོའི“གཞོན་ནུ་ལོ་ཆུང་ལ་ཁྱབ་གདལ་གཏོང་བའི་རོལ་དབྱངས་འདུ་ཚོགས”ཀྱི་འཁྲབ་སྟོན་ཐོག་མ་རྒྱལ་ཁབ་ཟློས་གར་ཁང་ཆེ་མོར་གཉེར་བ་རེད།
           གྲོང་གསེབ་ས་ཁུལ་གྱི་སློབ་གྲྭའི་སྒྱུ་རྩལ་སློབ་གསོར་རྒྱབ་སྐྱོར་བྱེད་པའི་སྤྱི་ཕན་བྱེད་སྒོས“སྲོལ་རྒྱུན་རིག་གནས་དར་སྤེལ་དང་། མི་རིགས་སྒྱུ་རྩལ་རྒྱུན་འཛིན་བྱེད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་གྲོང་གསེབ་ས་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་ལ་ཕྱོགས་པའི་སྒྱུ་རྩལ་ཁྱབ་གདལ་སློབ་གསོའི་བྱེད་སྒོ་ཤུགས་ཆེན་སྤེལ་བ་དང་། ལྷག་པར་དུ་ཀྲུང་གོའི་སྲོལ་རྒྱུན་ཟློས་གར་སྒྱུ་རྩལ་གྱི་ཁྱབ་གདལ་དང་བརྒྱུད་སྤེལ་ལ་མཐོང་ཆེན་བྱས་པར་བརྟེན་ནས་གྲོང་གསེབ་ས་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སྒྱུ་རྩལ་གྱི་བྱང་ཚད་དང་མཛེས་ཆོས་ཀྱི་མོས་ཕྱོགས་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་སློབ་མའི་བསམ་པའི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་ནས་སློབ་མའི་སྤྱོད་ཤེས་ལུས་མཛེས་བཞི་ཡི་ཕྱོགས་ཡོངས་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། འདི་ལོ་པེ་ཅིང་གྲོང་ཁྱེར་སློབ་གསོ་ཨུ་ལྷན་དང་རྒྱལ་ཁབ་ཟློས་གར་ཁང་ཆེ་མོས་པེ་ཅིང་གི་གྲོང་གསེབ་ས་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་11ནས་རྒྱལ་ཁབ་ཟློས་གར་ཁང་ཆེ་མོའི་སྒྱུ་རྩལ་ཁྱབ་གདལ་གྱི་ཁྱད་ལྡན་སྤུས་རྟགས་ཀྱི“གཟའ་མཇུག་རོལ་དབྱངས་འདུ་ཚོགས”ཐེངས་30ལྷག་ཙམ་ཧྲག་སྒྲུག་བྱས་ནས་སློབ་མ་སྒྲིག་འཛུགས་བྱས་ཏེ་ཟློས་གར་ཁང་དུ་འཁྲབ་སྟོན་ལྟ་སྦྱོང་དང་། བརྗོད་དོན་གཙོ་བོའི་སྒྱུ་རྩལ་འགྲེམས་སྟོན་ལ་ལྟ་བར་བསྐྱོད་པ་རེད། རྒྱ་ཆེའི་གྲོང་གསེབ་ས་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་དེ་བས་མང་བར་ཕན་འདོགས་པ་དང“གྲོང་གསེབ་ས་ཁུལ་གྱི་སློབ་གྲྭའི་སློབ་གསོར་རྒྱབ་སྐྱོར་བྱེད་པའི་སྤྱི་ཕན་བྱེད་སྒོ”སྤེལ་ཆེད། གྲགས་ཅན་སྒྱུ་རྩལ་མཁས་ཅན་གདན་དྲངས་པ་དང་ལྷག་པར་དུ་ཟློས་གར་སྒྱུ་རྩལ་མཁན་གྲོང་གསེབ་ས་ཁུལ་གྱི་སློབ་གྲྭར་བསྐྱོད་ནས་སློབ་མས་སློབ་གྲྭའི་རྒྱལ་སྒོ་ནས་དོན་མི་དགོས་པར་ཁྱད་འཕགས་ཀྱི་སྒྱུ་རྩལ་ཉམས་ལེན་ཐུབ་པ་དང་དེའི་བག་ཆགས་བཟང་པོ་འཇགས་ཐུབ་པ་བྱ་རྒྱུ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་ཟློས་གར་ཁང་ཆེ་མོའི་སྤྱི་ཕན་རང་བཞིན་གྱི་སྤུས་རྟགས་གྲས་ཤིག་གི་ངོས་ནས“གཞོན་ནུ་ལོ་ཆུང་ལ་ཁྱབ་གདལ་གཏོང་བའི་རོལ་དབྱངས་འདུ་ཚོགས”ཀྱིས་ལོ་10ཡི་ནང་ཁྱོན་འཁྲབ་སྟོན་ཐེངས་160ལྷག་ཙམ་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་200ལྷག་ཙམ་གྱི་སློབ་ཕྲུག་ཁྲི་1ལྷག་ཙམ་དེར་ཞུགས་པ་དང་། དགེ་སློབ་དང་ཁྱིམ་བདག་ཁྲི་30ཙམ་རྒྱལ་ཁབ་ཟློས་གར་ཁང་ཆེ་མོར་འཁྲབ་སྟོན་ལྟ་བར་སླེབས་ཤིང་། དེ་ནི་ཕྲུ་གུ་ཚོའི་སེམས་ཀྱི་ཁྱད་ལྡན་སྒྱུ་རྩལ་སློབ་གསོའི་སྤུས་རྟགས་སུ་གྱུར་ནས་པེ་ཅིང་དང་ཐ་ན་རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་འབྲིང་སློབ་ཆུང་བཅས་ཁག་གི་སྒྱུ་རྩལ་ཚོགས་པར་སྒྱུ་རྩལ་གསར་གཏོད་དང་སློབ་ཁྲིད་ཀྱི་གྲུབ་འབྲས་འགྲེམས་སྟོན་བྱེད་པའི་ལག་ལེན་གྱི་ལས་སྟེགས་ཤིག་མཁོ་འདོན་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།