འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཨན་ཧུའེ་ཡིས་སྤྱི་པའི་ཐོན་ཁུངས་བཀོད་སྒྲིག་ཁྱབ་ཁོངས་ཀྱི་སྲིད་གཞུང་གི་ཆ་འཕྲིན་
    ཡོངས་བསྒྲགས་བྱེད་པར་སྐུལ་འདེད་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་01ཉིན། 12:29】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཨན་ཧུའེ་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས་《སྤྱི་པའི་ཐོན་ཁུངས་བཀོད་སྒྲིག་ཁྱབ་ཁོངས་ཀྱི་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱེད་པར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》བཏོན་ནས་སྤྱི་པའི་ཐོན་ཁུངས་བཀོད་སྒྲིག་ཕྱི་གསལ་ནང་གསལ་གྱི་འཁོར་སྐྱོད་ཧུར་ཐག་ཡོང་བ་དང་། སྤྱི་པའི་ཐོན་ཁུངས་བཀོད་སྒྲིག་གི་ལས་ཕྱོད་དང་ཕན་འབྲས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཁེ་ལས་དང་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་། ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་བྱེད་ཤུགས་འཕེལ་བ་བཅས་བྱས་ཡོད།
          ཡོངས་བསྒྲགས་རྒྱུན་རྣམ་དང་ཡོངས་བསྒྲགས་མི་བྱེད་པ་དམིགས་བསལ་ཡིན་པ་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་གསང་བ་དང་། ཚོང་ལས་ཀྱི་གསང་བ། མི་སྒེར་གྱི་གསང་བ། དེ་བཞིན་ཁྲིམས་ལྟར་ཡོངས་བསྒྲགས་བྱ་མི་ཆོག་པའི་ནང་དོན་ཕུད་སྤྱི་ཚོགས་ཀྱིས་དོ་ཁུར་ཤུགས་ཆེན་བྱེད་པ་དང་། སྤྱི་དབང་རང་བཞིན་དང་སྤྱི་ཕན་རང་བཞིན་ལྡན་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་ཐད་ཀར་དང་། རྒྱ་ཆེ། གལ་ཆེན་བཅས་ཀྱི་ཤུགས་རྐྱེན་ལྡན་པའི་སྤྱི་པའི་ཐོན་ཁུངས་བཀོད་སྒྲིག་ཁྱབ་ཁོངས་ཀྱི་སྲིད་གཞུང་གི་ཆ་འཕྲིན་ཚང་མ་ཁྲིམས་ལྟར་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་ཏེ་སྤྱི་པའི་ཐོན་ཁུངས་བཀོད་སྒྲིག་ཆ་འཕྲིན་གྱི་བརྒྱུད་རིམ་ཧྲིལ་པོ་ཡོངས་བསྒྲགས་དང་བརྒྱུད་རིམ་ཧྲིལ་པོ་མཐོང་བར་བྱེད་དགོས། 《ལག་བསྟར་བསམ་འཆར་》ནང་ཆ་འཕྲིན་ཡོངས་བསྒྲགས་ཀྱི་ཁྱབ་ཁོངས་དེ་རྒྱལ་ཁབ་ཀྱིས་བླང་བྱ་བཏོན་པའི་ཁྱབ་ཁོངས་6ནས་སྡོད་ཁང་འགན་ལེན་དང་། རྒྱལ་ཁབ་ལ་དབང་བའི་ས་ཞིང་གི་སྤྱོད་དབང་ནང་བཤུག གཏེར་ལས་དབང་ཆ་ནང་བཤུག སྲིད་གཞུང་གི་ཉོ་སྒྲུབ། རྒྱལ་ཁབ་ལ་དབང་བའི་ཐོན་དབང་ཉོ་ཚོང་། ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་འོས་སྐུལ་འོས་དཔོད། གཞུང་བཙུགས་སྨན་བཅོས་སྒྲིག་གཞི་སྨན་རྫས་དང་སྨན་སྤྱོད་སྒྲིག་ཆས་ཉོ་སྒྲུབ་སོགས་ཁྱབ་ཁོངས་བདུན་བར་རྒྱ་སྐྱེད་བཏང་ཡོད།
          “སུས་ཆོག་མཆན་བཀོད་ན་དེས་ཡོངས་བསྒྲགས་དང་། སུས་ལག་བསྟར་བྱས་ན་དེས་ཡོངས་བསྒྲགས། སུས་བཟོས་ན་དེས་ཡོངས་བསྒྲགས”བཅས་ཀྱི་རྩ་དོན་གཞིར་བཟུང་སྤྱི་པའི་ཐོན་ཁུངས་བཀོད་སྒྲིག་དང་འབྲེལ་བའི་སྲིད་འཛིན་ཞིབ་མཆན་ལ་ཆོག་མཆན་བཀོད་འབྲས་དེ་ཆ་འཕྲིན་ཞིབ་མཆན་སྡེ་ཚན་གྱི་འགན་ཁུར་བས་ཡོངས་བསྒྲགས་བྱ་རྒྱུ་དང་སྤྱི་པའི་ཐོན་ཁུངས་རྣམ་གྲངས་ཀྱི་གཞི་རྩའི་ཆ་འཕྲིན་དང་། བཀོད་སྒྲིག(ཉོ་ཚོང)བརྒྱུད་རིམ་ཆ་འཕྲིན། འོས་ཐོན་བྱུང་བའི(ཚོང་འགྲིག་པ)ཆ་འཕྲིན། གན་རྒྱ་འཇོག་པ་དང་། ལག་བསྟར། བརྗེ་སྒྱུར་བཅས་ཀྱི་ཆ་འཕྲིན་སྤྱི་པའི་ཐོན་ཁུངས་བཀོད་སྒྲིག་ལ་དོ་དམ་དང་ལག་བསྟར་བྱེད་མཁན་གྱི་རྒྱལ་ཁབ་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པ། སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལས་སྟེགས་བཅས་ཀྱིས་ཆ་འཕྲིན་ཁོང་དུ་ཆུད་ཚུལ་གཞིར་བཟུང་སོ་སོར་ཡོངས་བསྒྲགས་བྱ་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།