འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་བརྟན་པོའི་ངང་འཕར་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་01ཉིན། 12:28】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཚེས་30ཉིན། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་རྒྱལ་ཁབ་ཀྱི་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་ལྟ་ཞིབ་ཚད་ལེན་བྱས་འབྲས་ཁྱབ་བསྒྲགས་བྱས་པ་རེད། ལྟ་ཞིབ་ཚད་ལེན་བྱས་འབྲས་ལས་མངོན་གསལ། ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་བརྟན་པོའི་ངང་འཕར་བ་དང་། ཀྲུང་གོའི་ཞབས་ཞུའི་སྤུས་རྟགས་ཀྱི་རིན་ཐང་བརྟན་པོའི་ངང་འཕར་བ། འཛད་སྤྱོད་རིམ་སྤོར་དང་། ཐོན་ལས་གྲུབ་ཆ་ལེགས་སྒྲིག དཔལ་འབྱོར་གསར་པ་འཕེལ་རྒྱས་བཅས་ལ་འདེགས་སྐྱོར་ཡག་པོ་བྱུང་བ་དེ་ནི་རང་རྒྱལ་གྱིས་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་ལྟ་ཞིབ་ཚད་ལེན་བྱས་འབྲས་ཡོངས་བསྒྲགས་ཐེངས་ལྔ་བསྟུད་མར་བྱས་པ་ཞིག་རེད།
           ཞབས་ཞུ་ལོངས་སུ་སྤྱོད་མཁན་གྱི་བློ་ཡིད་ཚིམ་ཚད་ནི་ཞབས་ཞུའི་སྤུས་ཚད་ཀྱི་ཆུ་ཚད་ལ་གདེང་འཇོག་བྱེད་པའི་རྒྱལ་སྤྱིའི་གཅིག་གྱུར་གྱི་སྟོན་གྲངས་ཤིག་རེད། ལྟ་ཞིབ་ཚད་ལེན་བྱས་འབྲས་ལས་མངོན་གསལ། 2017ལོར་རང་རྒྱལ་གྱི་ཞབས་ཞུའི་ལས་རིགས་ལོངས་སུ་སྤྱོད་མཁན་གྱི་བློ་ཡིད་ཚིམ་ཚད་74.75%ཟིན་པ་དེ་2016ལོ་ལས་2.86%འཕར་བ་དང“ཅུང་བློ་ཡིད་ཚིམ་པའི”བར་མཚམས་སུ་གནས་ཡོད་པ་རེད།
           ལྟ་ཞིབ་ཚད་ལེན་བྱས་འབྲས་ལས་མངོན་གསལ། རང་རྒྱལ་གྱི་གསར་དར་ཞབས་ཞུའི་ལས་རིགས་ཀྱི་མི་ཁྲི་ཡི་ཞུ་གཏུག་རྒྱག་ཚད་མཐོ་རུ་ཕྱིན་པ་དང་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་དེ་ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་འགལ་ཟླ་གཙོ་བོར་འགྱུར་བཞིན་ཡོད། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་འབྲེལ་ཡོད་སྡེ་ཚན་དང་ལྷན་དུ་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་ལྟ་སྐུལ་དོ་དམ་ཁྲིམས་འཛུགས་ཞིབ་འཇུག་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། ཞབས་ཞུའི་ལས་རིགས་སྤུས་ཚད་ཀྱི་སྤྱི་ཚོགས་ལྟ་སྐུལ་དང་ཉེན་ཁ་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ། གསར་དར་ཞབས་ཞུའི་ལས་རིགས་ཀྱི་ཁྱབ་ཁོངས་ལ་དམིགས་པ། ཁྲོམ་རའི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། མི་དམངས་ཀྱིས་ཐུགས་ཁུར་བྱེད་པའི་ཞབས་ཞུའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་བ་བཅས་བྱས་ཏེ་སྤྱི་པའི་ཞབས་ཞུའི་སྤུས་ཚད་ལྟ་ཞིབ་ཚད་ལེན་དང་མཇུག་འབྲས་བརྡ་ཁྱབ་རྒྱུན་མཐུད་ངང་བཏང་ནས་ལས་རིགས་དང་ས་གནས་སྲིད་གཞུང་གིས་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཡོད།
          ཀྲུང་གོ་འཛད་སྤྱོད་པ་མཐུན་ཚོགས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། གན་རྒྱ་དང་། བཙོངས་རྗེས་ཞབས་ཞུ། དྲིལ་བསྒྲགས་རྫུས་མ་བཅས་དང་འབྲེལ་བའི་ཞུ་གཏུག་གི་སྡུར་གྲངས་མཐོ་རུ་ཕྱིན་པའི་ནང་དྲ་སྦྲེལ་ཞབས་ཞུ་དང་། བཙོངས་རྗེས་ཞབས་ཞུ། འཚོ་བ་དང་སྤྱི་ཚོགས་རིགས་ཀྱི་ཞབས་ཞུ། གློག་འཕྲིན་ཞབས་ཞུ། རིག་གནས་དང་རོལ་རྩེད། ལུས་རྩལ་ཞབས་ཞུ་བཅས་ཞབས་ཞུའི་རིགས་ཀྱི་ཞུ་གཏུག་རྒྱག་ཚད་མདུན་གྱི་ཨང་ལྔ་པའི་གྲས་སུ་སླེབས་ཡོད། དྲ་ཐོག་ཉོ་སྒྲུབ་གཙོ་བོར་བྱས་པའི་རྒྱང་ཁྲིད་ཉོ་སྒྲུབ་ལ་ཞུ་གཏུག་རྒྱག་ཚད་ཞབས་ཞུའི་ཞུ་གཏུག་ཁྲོད་སྔར་བཞིན་མང་ཤོས་སུ་སླེབས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།