འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ཨུའི་མི་སྣས་རྒྱལ་ཁབ་གཉིས་ཀྱི་དུས་རབས་གསར་པའི་མཉམ་ལས་ཀྱི་མདུན་ལམ་
    གསར་པར་གྲོས་བསྡུར་འཁྲུག་པོ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་01ཉིན། 12:17】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་ཨུ་ཇུས་འདོན་ཚོགས་པའི་མཐོ་རིམ་གླེང་སྟེགས(2018)ཚེས་29ཉིན་དང་30ཉིན་པེ་ཅིང་དུ་འཚོགས་པ་དང་ཚོགས་འདུར་ཞུགས་མཁན་ཀྲུང་ཨུའི་ལས་རིགས་ཁག་གི་འཐུས་མིས“ཀྲུང་གོ་དང་ཨུ་རུ་སུ། དུས་རབས་གསར་པའི་མཉམ་ལས”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ་དུས་རབས་གསར་པའི་རྒྱབ་ལྗོངས་འོག་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་མདུན་ལམ་གསར་རྐྱང་ལ་གྲོས་བསྡུར་འཁྲུག་པོ་བྱས་པ་རེད།
          ཨུ་རུ་སུ་རྒྱལ་སྤྱིའི་ལས་དོན་ཨུ་ལྷན་གྱི་ཀྲུའུ་ཞི་དབྱི་དབན་ནུའོ་ཧྥུའུ་ཡིས་ཀྲུང་ཨུའི་འབྲེལ་བ་དེས་རྒྱལ་ཁབ་ཆེན་པོའི་འབྲེལ་བ་དང་མཉམ་ལས་ཀྱི་རྣམ་པ་གསར་པ་ཞིག་མཚོན་གྱི་ཡོད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་དེ་རང་ངོས་ཀྱི་དགོས་མཁོ་དང་མཐུན་ལ་འཛམ་གླིང་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་ཡང་མཐུན་ཡོད། མཉམ་ལས་འགྲོ་འོང་ཁྲོད། ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱིས་མཐུན་སྦྱོར་ཧུར་ཐག་དང་སྐྱོན་སྤངས་དགེ་སྒྲུབ་ཀྱི་མཉམ་ལས་འདུ་ཤེས་ཐོག་ནས་ཆབ་སྲིད་ཐད་ཀྱི་སྐད་ཆ་ཤོད་རེས་དང་། དཔལ་འབྱོར་མཉམ་ལས། ས་ཁུལ་གྱི་སྤེལ་རེས་བཅས་ལ་སྐུལ་འདེད་གཏོང་བཞིན་ཡོད། ཕྱོགས་གཉིས་ཀྱི་མཉམ་ལས་ཐད། ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་ཁག་འདྲ་མཉམ་ངང་ཞུགས་པའི་རྩ་དོན་མཐའ་འཁྱོངས་དང་རྒྱལ་སྤྱིའི་མ་ལག་གི་རྙོག་འཛིང་ཆེ་བའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཏེ་འཛམ་གླིང་གི་ཆགས་སྟངས་སྐྱོན་བྲལ་དང་གོང་འཕེལ་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བཤད།
          ཀྲུང་གོའི་ཕྱི་འབྲེལ་པུའི་པུའུ་ཀྲང་གི་ལས་རོགས་ཀྲང་ཧན་ཧུའེ་ཡིས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་ཀྱི་ཁྲིད་སྟོན་འོག་ཀྲུང་ཨུའི་འབྲེལ་བ་དགེ་མཚན་ལྡན་ལ། སྐྱོན་བྲལ་དང་། བརྟན་ལྷིང་གི་སྒོ་ནས་འཕེལ་རྒྱས་ཕྱིན་ཏེ་མཉམ་ལས་ཀྱི་ལམ་བུ་ཇེ་ཡངས་སུ་ཕྱིན་ཡོད་ལ་མཉམ་ལས་ཀྱི་ནང་དོན་ཡང་ཕུན་སུམ་ཚོགས་སུ་ཕྱིན་ཡོད། འདི་ལོའི་ཟླ་1ནས་ཟླ་4བར། ཀྲུང་ཨུ་ཕྱོགས་གཉིས་ཀྱི་ཉོ་ཚོང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་312ཟིན་པ་དང་ལོ་ཧྲིལ་པོར་ཨ་སྒོར་དུང་ཕྱུར་1000ལས་བརྒལ་རེ་ཡོད། ཀྲུང་གོ་འདི་ཉིད་ལོ་8བསྟུད་མར་ཨུ་རུ་སུའི་ཚོང་དོན་རོགས་ཟླ་ཆེ་ཤོས་ཨང་དང་པོ་ཡིན་པ་དང་ཨུ་རུ་སུ་ནི་ཀྲུང་གོའི་མ་བཅོས་རྡོ་སྣུམ་ནང་འདྲེན་ཡོང་ཁུངས་རྒྱལ་ཁབ་ཆེ་ཤོས་ཨང་དང་པོ་ཡིན་ལ་རྡོ་སོལ་ནང་འདྲེནགྱི་ཡོང་ཁུངས་རྒྱལ་ཁབ་ཨང་དང་པོ་གཙོ་བོ་དེའང་ཡིན་ཞེས་བཤད།
          ཀྲུང་གོ་དང་ཨུ་རུ་སུའི་མཛའ་གྲོགས་མཐུན་ཚོགས་ཀྱི་བློ་འདྲི་བ་ལི་ཏུང་ཏུང་གིས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་་ཚོགས་ཀྱི་སྤེལ་རེས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་མེད་དུ་མི་རུང་བའི་ནུས་པ་ཐོན་ཡོད། ས་ཐོག་སྐྱེ་དངོས་གྲགས་མེད་བརླན། དམངས་ཁྲོད་མཛའ་གྲོགས་ནི་ཀྲུང་ཨུ་མཛའ་གྲོགས་འབྲེལ་བའི་རྨང་གཞི་ཡིན་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་དམིགས་ཚད་གལ་ཆེན་ཞིག་ཀྱང་ཡིན། སྲོལ་རྒྱུན་མཛའ་གྲོགས་ཀྱི་རྨང་གཞིའི་ཐོག་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱིས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་་ཚོགས་ཀྱི་སྤེལ་རེས་ཀྱི་ལས་སྟེགས་གསར་པ་ཧུར་ཐག་བསྐྲུན་ནས་མི་གཤིས་དང་མཐུན་པ་དང་བརྩེ་སེམས་མཉམ་འདྲེས་ཀྱི་དམངས་ཁྲོད་ཀྱི་མཉམ་ལས་རྣམ་པ་བཏོད་དེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་རམ་འདེགས་བྱེད་དགོས་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།