འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་ཀྱིས་པར་ཙིར་གྱི་ཧྲེང་ནུའོ་ལུན་སོ་ཡི་ཆུ་མཁོ་འདོན་རྣམ་གྲངས་ཉོ་སྒྲུབ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་01ཉིན། 12:15】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཚེས་29ཉིན་ཀེ་ཀྲོའུ་ཆུ་རགས་པར་ཙིར་ཚད་ཡོད་ཀུང་སིས་ཧྲེང་པའོ་ལུའོ་རུ་ཧྲེང་ནུའོ་ལུན་སོ་ཡི་ཆུ་མཁོ་འདོན་རྣམ་གྲངས་ཀྱི་མ་རྐང་དབང་ཆ་དངོས་སུ་རྩིས་སྤྲོད་རྩིས་ལེན་བྱས་པ་དེ་ཐོག་ནས་ཀྲུང་གོའི་མ་འཇོག་ཁེ་ལས་ཏེ། ཀེ་ཀྲོའུ་ཆུ་རགས་ཚོགས་པ་འདི་ཉིད་རྣམ་གྲངས་འདིའི་100%ཡི་མ་རྐང་དབང་བའི་སྦྱིན་བདག་ཏུ་གྱུར་པ་མཚོན་ཡོད།
          ཧྲེང་ནུའོ་ལུན་སོ་ཆུ་མཁོ་འདོན་རྣམ་གྲངས་དེ་ལྷོ་ཨ་མེ་རི་ཁ་གླིང་གི་གྲོང་ཁྱེར་ཆེ་ཤོས་ཧྲེང་པའོ་ལུའོ་རུ་གནས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་བསྐྲུན་རྗེས་མི་ཁྲི་150ཡི་འཐུང་ཆུའི་དགོས་མཁོ་བསྐངས་ཐུབ་རྒྱུ་མ་ཟད། ས་གནས་དེ་གར་ཆུ་དཀོན་པའི་གནད་དོན་ཡང་ཐག་གཅོད་ཐུབ་རྒྱུ་དང་འབྲེལ་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་སྐུལ་འདེད་གཏོང་བའི་རྨང་གཞིའི་རང་བཞིན་གྱི་ལས་གྲྭར་འགྱུར་རྒྱུ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཧྲེང་ནུའོ་ལུན་སོ་ཆུ་མཁོ་འདོན་རྣམ་གྲངས་དེར་2013ལོར་PPPབྱེད་ཐབས་སྤྱད་དེ་འོས་སྐུལ་འོས་དཔོད་བྱས་པ་བརྒྱུད་དམིགས་བསལ་གཉེར་སྐྱོང་དབང་ཆ་སྤྲད་པ་དང་2014ལོར་དངོས་སུ་སྐྲུན་འགོ་ཚུགས་ཤིང་། 2018ལོའི་ཟླ་8པར་ལས་མཇུག་འགྲིལ་ནས་སྤྱོད་འགོ་ཚུགས་རྒྱུ་རེད།
         “ཉོ་སྒྲུབ་བྱས་པའི་ཧྲེང་ནུའོ་ལུན་སོ་ཆུ་མཁོ་འདོན་རྣམ་གྲངས་ནི་ཀེ་ཀྲོའུ་ཆུ་རགས་ཚོགས་པས་ཨ་ཀེན་ཐིན་གྱི་ཅི་སི་ཆུ་ཤུགས་གློག་ཁང་དང་ཨེ་ཁྭ་ཏོར་གྱི་སུའོ་ཕུའུ་ལཱ་ཏུའོ་ལཱ་ཆུ་ཤུགས་གློག་ཁང་སོགས་གློག་ཤུགས་ལས་གྲྭའི་རྣམ་གྲངས་བསྐྲུན་རྗེས་ལྷོ་ཨ་མེ་རི་གླིང་ཁ་ས་ཁུལ་གྱི་ཆུ་དོན་ཁྱབ་ཁོངས་ལ་མ་འཇོག་བྱེད་ཐེངས་དང་པོ་དེ་རེད། ལས་དོན་དེས་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་ལྷོ་ཨ་མེ་རི་ཁ་གླིང་གི་ཁྲོམ་ར་གསར་སྤེལ་ལ་བར་མཐོངས་གསར་པ་དང་བསམ་ཕྱོགས་གསར་པ་མཁོ་འདོན་ཐུབ་རྒྱུ་རེད”ཅེས་ཀེ་ཀྲོའུ་ཆུ་རགས་ཚོགས་པའི་ཕྱི་ཕྱོགས་མ་འཇོག་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཁྲེན་ཞའོ་ཧྭ་ཡིས་དེ་ལྟར་བཤད།
         ཀེ་ཀྲོའུ་ཆུ་རགས་ལས་གྲྭ་དང་འབྲི་ཆུའི་འགག་གསུམ་ལས་གྲྭ་སོགས་རྣམ་གྲངས་གལ་ཆེན་སྐྲུན་མཁན་ཞིག་ཡིན་པའི་ཀེ་ཀྲོའུ་ཆུ་རགས་ཚོགས་པ་འདི་ཉིད་ད་ཆ་རྒྱལ་སྤྱི་ཅན་གྱི་ལས་གྲྭ་འགན་གཙང་ལེན་མཁན་ཚན་པ་ཞིག་ཏུ་གྱུར་པ་དང་རྒྱལ་ཁབ་དང་ས་ཁུལ་140ལྷག་ལ་རང་ཉིད་ཀྱི་ལས་གྲྭ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།