འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་དང་མཉམ་དུ་རྒྱལ་ཁབ་ཁག་ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་
    མཉམ་ལས་ནང་ཞུཌ་རྒྱུར་གདན་དྲངས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་01ཉིན། 12:13】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཚེས་28ཉིན་ཝི་ཨེན་ནའི་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་རྩ་འཛུགས་གཞན་དུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཚོགས་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཕྱི་རིམ་བར་སྣང་ལས་དོན་གཞུང་ལས་ཁང་གིས་ཝི་ཨེན་ནར་མཉམ་དུ་ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་རྒྱལ་སྤྱིའི་མཉམ་ལས་གོ་སྐབས་སྤྱི་བསྒྲགས་ཡོངས་བསྒྲགས་མཛད་སྒོ་འཚོགས་ཏེ་ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་རྒྱལ་སྤྱིའི་མཉམ་ལས་དངོས་སུ་བྱེད་འགོ་བཙུགས་ཤིང་། འཛམ་གླིང་རྒྱལ་ཁབ་ཁག་དེའི་ནང་ཧུར་ཐག་ཞུགས་ཏེ་མ་འོངས་པའི་ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་ཚང་ཕྱི་ནང་དུ་མི་བཞུགས་ཚོད་ལྟ་བྱེད་པ་སོགས་ཀྱི་མཉམ་ལས་བྱ་རྒྱུར་གདན་དྲངས་པ་རེད།
          ཝི་ཨེན་ནའི་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་རྩ་འཛུགས་གཞན་དུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཧྲི་ཀྲུང་ཅུན་གྱིས་ཤིས་ཚིག་སྒྲོན་སྐབས་ཀྲུང་གོའི་སྒོ་དབྱེ་དང་། ཞི་བདེ། གཉིས་ཁེ་བཅས་ཀྱི་ཕྱི་རིམ་བར་སྣང་གི་རྒྱལ་སྤྱིའི་མཉམ་ལས་འདུ་ཤེས་གསལ་འགྲེལ་བྱས་ཏེ་ཕྱོགས་ཁག་གིས་ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་རྒྱལ་སྤྱིའི་མཉམ་ལས་ནང་ཞུགས་ནས་མཉམ་དུ་བར་སྣང་དུ་ལས་དོན་བསྒྲུབས་ཏེ་ཐུན་མོང་གི་ཁེ་ཕན་དོན་གཉེར་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།
          མཉམ་འབྲེལ་རྒྱལ་ཚོགས་ཕྱི་རིམ་བར་སྣང་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རེན་ཤིས་མོ་ནེ་ཐ·ཏི་ཕི་པོ་ཡིས་ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་རྒྱལ་སྤྱིའི་མཉམ་ལས་རྣམ་གྲངས་ནི་མི་སེམས་འགུལ་འོས་པ་ཞིག་ཡིན་ཞིང་། དེས་ཀྲུང་གོའི་ལག་རྩལ་དང་ཉམས་མྱོང་ལས་རྒྱལ་ཁབ་གཞན་ལ་ཕན་པ་ཐོབ་སྟེ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་སྤྱིའི་མཉམ་ལས་དང་ནུས་པ་འཛུགས་སྐྱོང་ཆེ་རུ་འགྲོ་བ་དང་། མིའི་རིགས་ཀྱིས་བར་སྣང་ཚན་རྩལ་བཀོལ་སྤྱོད་ལ་རྒྱུས་མངའ་ཡོང་རྒྱུར་སྐུལ་འདེད། རྒྱལ་ཁབ་ཁག་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་བར་སྣང་ཁམས་སུ་བསྐྱོད་རྒྱུར་རོགས་རམ། 2030ལོར་སླེབས་སྐབས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་དུ་འགྱུར་རྒྱུ་བཅས་རེད་ཅེས་བཤད་ཅིང་། ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁོངས་རྒྱལ་ཁབ་ཁག་མཉམ་ལས་ནང་ཧུར་ཐག་ཞུགས་ནས་དེ་ལས་ཕན་པ་ཐོབ་པ་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།
          ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་འདུ་འགོད་གཞུང་ལས་ཁང་དང་ཀྲུང་གོ་ཚན་རིག་ཁང་བར་སྣང་བཀོལ་སྤྱོད་འདུ་འགོད་དང་ལག་རྩལ་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་དང་། མཉམ་འབྲེལ་རྒྱལ་ཚོགས་བཟོ་ལས་འཕེལ་རྒྱས་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ལི་ཡུང་སོགས་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་དང་། ཝི་ཨེན་ནར་རྒྱུན་སྡོད་ཧྥ་རན་སེ་དང་། རྒྱ་གར། ལྷོ་ཨ་ཧྥེ་རི་ཁ། ནི་ཀྲེ་རི་ཡ། མ་ལེ་ཞི་ཡ། ཨ་རི་སོགས་རྒྱལ་ཁབ་60ལྷག་ཙམ་གྱི་ཕྱི་འབྲེལ་ཕོ་ཉ་བཅས་མི་120ལྷག་ཙམ་མཛད་སྒོར་ཞུགས་པ་རེད། རྒྱལ་ཁབ་མི་ཉུང་བ་ཞིག་གི་འཐུས་མིས་ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་མཉམ་ལས་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་བྱས་པ་མ་ཟད་མཉམ་ལས་ནང་ཞུགས་འདོད་ཆེན་པོ་ཡོད་ཅེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།