འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་འཁྲབ་འཁྲིད་པ་ཅ་ཀྲང་ཁེར་2018ལོའི་རི་པིན་ཧྥུའུ་ཀང་གི་ཨེ་ཤེ་ཡའི་
    རིག་གནས་བྱ་དགའ་ཆེ་མོ་ཐོབ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་01ཉིན། 12:07】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཚེས་30ཉིན་རི་པིན་ཧྥུའུ་ཀང་གི་ཨེ་ཤེ་ཡའི་རིག་གནས་བྱ་དགའི་ཨུ་ལྷན་གྱིས་དེའི་གཞུང་ཕྱོགས་དྲ་ཚིགས་ཐོག་ཀྲུང་གོའི་འཁྲབ་འཁྲིད་པ་ཅ་ཀྲང་ཁེར་2018ལོའི་ཨེ་ཤེ་ཡའི་རིག་གནས་བྱ་དགའ་ཆེ་མོ་ཐོབ་པའི་ཁྱབ་བསྒྲགས་བྱས་ཡོད་པ་རེད།
           ཧྥུའུ་ཀང་གི་ཨེ་ཤེ་ཡའི་རིག་གནས་བྱ་དགའི་ཨུ་ལྷན་གྱིས་ཅ་ཀྲང་ཁེ་ནི་དུས་རབས་21པའི་ཀྲུང་གོའི་གློག་བརྙན་གྱི་འཁྲབ་འཁྲིད་པ་ཆེས་ཕུལ་བྱུང་གི་གྲས་ཤིག་ཡིན་ཞིང་། ཁོང་གིས་ཀྲུང་གོའི་གྲོང་ཁྱེར་ཁག་དང་ལྷག་པར་དུ་ཁོང་གི་ཕ་ཡུལ་ཧྲན་ཤིས་སུ་གློག་བརྙན་པར་བླངས་ཏེ་དངོས་ཡོད་རིང་ལུགས་ཀྱི་ཐབས་ལ་བརྟེན་ནས་ཀྲུང་གོའི་མི་སེར་དཀྱུས་མ་མངོན་སུམ་དུ་བསྟན་ནས་ཁོང་ཚོས་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་འགྲོ་བ་དང་སྤྱི་ཚོགས་འཕོ་འགྱུར་གྱི་རྒྱབ་ལྗོངས་ཁྲོད་རང་ཉིད་ཀྱི་མི་ཚེའི་འཆར་གཞི་འགོད་ཐབས་བྱེད་ལུགས་མཚོན་པར་བྱས་པ་དང་ལྷག་པར་དུ་ན་གཞོན་མི་རབས་ཚོའི་རེ་བ་དང་ཕམ་ཉེས་མཚོན་པར་བྱས་ཡོད། “ཁོང་གི་ལས་ཀར་ཀྲུང་གོ་དང་ཐ་ན་འཛམ་གླིང་ཡོངས་ཀྱི་བསྔགས་བརྗོད་ཆེ་མོ་ཐོབ་ཡོད”ཅེས་བརྗོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཧྥུའུ་ཀང་གི་ཨེ་ཤེ་ཡའི་རིག་གནས་བྱ་དགའ་སྤྲོད་པའི་མཛད་སྒོ་འདི་ལོའི་ཟླ་9པར་ཧྥུའུ་ཀང་དུ་གཉེར་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།