འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་བྱིས་པའི་ཁྱིམ་ཚང་ཁྲི་17.8དངོས་སུ་སྤྱོད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་01ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་30ཉིན་ཀྲུང་གོར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱི་ལས་དོན་ཁྲུའུ་ཡི་རྒྱབ་སྐྱོར་འོག་པེ་ཅིང་དགེ་འོས་སློབ་ཆེན་ཀྲུང་གོ་སྤྱི་ཕན་ཞིབ་འཇུག་ཁང་གིས་ཁྱབ་བསྒྲགས་བྱས་པའི་《ཀྲུང་གོའི་བྱིས་པའི་ཕན་བདེ་དང་སྲུང་སྐྱོང་སྲིད་ཇུས་སྙན་ཞུ། 2018ལོའི་གཞི་རིམ་བྱིས་པར་སེམས་ཁུར་དང་སྲུང་སྐྱོང་ཞབས་ཞུའི་མ་ལག་གི་འཕེལ་རིམ་དང་མ་འོངས་ལ་རྒྱང་ལྟ་》ཞེས་པ་ལས་མངོན་གསལ། 2017ལོར་ཏང་དང་སྲིད་གཞུང་གིས་སྲིད་ཇུས་རྒྱུན་མཐུད་ངང་བཏོན་ནས་བྱིས་པར་སེམས་ཁུར་དང་སྲུང་སྐྱོང་གི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་བཏང་བས་ས་གནས་ཁག་གི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ལག་བསྟར་བྱེད་ཐབས་གསར་གཏོད་བྱེད་པ། སྤྱི་ཚོགས་ཀྱི་ལས་རིགས་ཁག་ཧུར་ཐག་ཞུགས་པ་བཅས་བྱས་ནས་བྱིས་པར་སེམས་ཁུར་དང་སྲུང་སྐྱོང་བྱེད་པའི་ལས་དོན་གྱི་རྣམ་པ་ཡག་པོ་ཞིག་ཆགས་པ་བྱས་ཡོད། 2017ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་གཞི་རིམ་བྱིས་པའི་ཀྲུའུ་རེན་ཁྲི་12.7གྱིས་ལས་གནས་སུ་ཞབས་འདེགས་ཞུ་བཞིན་ཡོད་པ་དང་། 
         བྱིས་པའི་ཁྱིམ་ཚང་ཁྲི་17.8དངོས་སུ་སྤྱོད་འགོ་ཚུགས་པ། བྱིས་པ་དུང་ཕྱུར་3ཙམ་གཞི་རིམ་བྱིས་པའི་ཕན་བདེ་དང་སྲུང་སྐྱོང་དྲ་བར་ཕྱོགས་ཡོངས་ནས་འཇུག་རྒྱུ་དམིགས་ཚད་དུ་བྱས་ཏེ་ཆ་སྙོམས་ཅན་དང་ཆེད་ལས་ཅན་གཙོ་གནད་དུ་བྱེད་པའི་བྱིས་པར་སེམས་ཁུར་དང་སྲུང་སྐྱོང་གི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བཞིན་ཡོད་པ་རེད།
          སྙན་ཞུ་ལས་མངོན་གསལ། ལོ་གཅིག་གི་རིང་ཀྲུང་གོའི་བྱིས་པར་སེམས་ཁུར་དང་སྲུང་སྐྱོང་སྲིད་ཇུས་ཀྱི་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་པ་དང་དོན་གཉེར་འཕེལ་རིམ་གྲུབ་འབྲས་མངོན་གསལ་དོད་པ་དང་། བྱིས་པར་སྲུང་སྐྱོང་གི་ལམ་ལུགས་བཟོ་བ་དང་ཁྲིམས་འཛུགས་པའི་ཐད་གསར་གཏོད་ཚད་བརྒལ་མང་པོ་བྱུང་བ། ལྟ་སྐྱོང་བྱེད་མཁན་མེད་པའི་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་ཁྲི་76ལ་ལྟ་སྐྱོང་བྱེད་ཐབས་དོན་འཁྱོལ་བྱུང་བ། ཞིང་ཆེན་24ཡི་ལྟ་སྐྱོང་དབང་ཆ་ཁྲིམས་འཛིན་དུ་སྤོ་སྒྱུར་བྱས་པའི་ལག་ལེན་ལ་དོན་དངོས་ཀྱི་འཕེལ་རིམ་བྱུང་བ། ན་སོ་དར་ལ་མ་བབས་པའི་མིའི་ཁེ་དབང་ལ་གནོད་འཚེ་བཏང་བས་ལྟ་སྐྱོང་ཐོབ་ཐང་མེད་པར་བཟོས་པའི་གྱོད་གཞི་69གྱོད་ཐག་བཅད་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།