འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ཁྲིམས་འཛིན་སྒྲིག་སྲོལ་གྱི་ཕྱོགས་བསྡུས་ཆ་སྒྲིག་སྒྱུར་བཅོས་ལ་ཁྱོན་ཡོངས་
    ནས་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་01ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཨུད་སྲིད་ཁྲིམས་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། མཚོ་སྔོན་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་དབང་ཆ་འཁོར་རྒྱུག་ཚད་ལྡན་དུ་གཏོང་བ་དང་། གྱོད་གཞི་མང་ཡང་སྒྲུབ་མཁན་ཉུང་བའི་འགལ་ཟླ་སེལ་བ། ཁྲིམས་འཛིན་ཤེས་ལྡན་པའི་ལས་རིགས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་ལྔའི་ཐད་ནས་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་ནུས་ལྡན་བཏང་ནས་2019ལོར་ཁྲིམས་འཛིན་སྒྲིག་སྲོལ་གྱི་ཕྱོགས་བསྡུས་ཆ་སྒྲིག་སྒྱུར་བཅོས་ཀྱི་ལས་འགན་གཞི་རྩའི་ཆ་ནས་ལེགས་སྒྲུབ་ཐུབ་པ་དང་ཁྲིམས་འཛིན་གྱི་སྤུས་ཚད་དང་། ལས་ཆོད། སྤྱི་མོས་ཐོབ་ཚད་བཅས་ཁྱོན་ཡོངས་ནས་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་ཐུབ་པའི་འགན་ལེན་བྱས་པ་རེད།
         ཟླ་ལྔ་པར་མཚོ་སྔོན་ཞིང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་བརྟག་ཞིབ་གང་ལེགས་དང་ཉམས་མྱོང་ཕྱོགས་སྡོམ་བྱས་རྗེས་《མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་འཛིན་སྒྲིག་སྲོལ་གྱི་ཕྱོགས་བསྡུས་ཆ་སྒྲིག་སྒྱུར་བཅོས་བྱེད་པའི་སྒྲོམ་གཞིའི་བསམ་འཆར་》ཞིབ་བཟོ་བྱས་པ་རེད། རྒྱལ་ཁབ་ཀྱིས་ཁྲིམས་འཛིན་སྒྲིག་སྲོལ་ཚོད་ལྟ་བྱ་ཡུལ་ཞིང་ཆེན་གྲས་སུ་གཏན་འཁེལ་སྔ་ཤོས་བྱས་པའི་མཚོ་སྔོན་གྱིས་ད་ཐེངས་ཧྲང་ཧའེ་དང་པེ་ཅིང་གི་རྗེས་སུ་སྒྲོམ་གཞིའི་བསམ་འཆར་བཟོས་ནས་བཏོན་ཏེ་གཙོ་གནད་འཚོལ་ཞིབ་དང་ལག་ལེན་རབ་དང་རིམ་པ་བརྒྱུད་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ཀྱི་མཐུན་སྦྱོར་རང་བཞིན་དང་། མཉམ་འགུལ་རང་བཞིན། ཆ་སྒྲིག་རང་བཞིན་བཅས་ཆེ་རུ་གཏོང་རྒྱུ་རེད།
         མཚོ་སྔོན་གྱིས་ད་ཐེངས་བཏོན་པའི་སྒྲོམ་གཞིའི་བསམ་འཆར་ནང་ཕྱོགས་ལྔའི་ཐད་ཀྱི་ལས་ཀའི་ལས་འགན་ཁག་27ཡོད་པ་དེ་དག་གཙོ་བོ་དབང་ཆ་འཁོར་རྒྱུག་ཚད་ལྡན་དུ་གཏོང་བ་དང་དོ་དམ་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་འཛིན་གྱོད་སྒྲུབ་ཀྱི་སྤུས་ཚད་དང་ལས་ཆོད་ཆེ་རུ་ཧུར་ཐག་གཏོང་བ་དང་། མདུན་སྣེའི་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་ཚན་རྩལ་བཀོལ་སྤྱོད་གཏིང་ཟབ་བྱས་ཏེ་གྱོད་གཞི་མང་ཡང་སྒྲུབ་མཁན་ཉུང་བའི་འགལ་ཟླ་སེལ་བ། རིགས་དབྱེ་དོ་དམ་འཐུས་སྒོ་ཚང་དུ་གཏོང་བ་དང་ལམ་ལུགས་འགན་ལེན་སྲ་བརྟན་དུ་བཏང་ནས་ཁྲིམས་འཛིན་ཤེས་ལྡན་པ་ཚད་ལྡན་ཅན་དང་། ཆེད་ལས་ཅན། ལས་རིགས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཁྲིམས་འཛིན་དབང་གྲགས་ལ་སྲུང་སྐྱོང་དང་ཁོངས་གཏོགས་ཕྱོགས་བསྡུས་ལ་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་སྐྱོང་ཁོར་ཡུག་ལེགས་སུ་ཧུར་ཐག་གཏོང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་སྲོག་ཤིང་གི་ནུས་པ་འདོན་སྤེལ་བྱས་ཏེ་ཏང་ལ་བློ་དཀར་སེམས་དཀར་བྱེད་པའི་སྲིད་ཁྲིམས་དཔུང་ཁག་ཧུར་ཐག་གཏོད་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།