འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།མི་ཚང་མ་འགན་བཅོལ་ནང་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་01ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འཆར་གཞི་ཁྱོན་ཡོངས་ནས་ལག་ལེན་བསྟར་ཡོད། ས་གནས་དེའི་སྤྱི་ཚོགས་འགན་བཅོལ་ལས་དོན་མི་སྣས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ཡུལ་སྨད་གྲོང་ཚོར་བསྐྱོད་ནས་མཐའ་མཚམས་མི་སེར་གྱི་སྤྱི་ཚོགས་འགན་བཅོལ་ཆ་འཕྲིན་ཞིབ་དཔྱད་གཏན་འཁེལ་བྱས་ནས་སྤྱི་ཚོགས་འགན་བཅོལ་ཆ་འཕྲིན་འཐུས་ཚང་དང་ཡང་དག་ཡོང་བའི་འགན་ལེན་དང་། དུད་ཚང་དང་། མི། རྣམ་གྲངས་བཅས་གཅིག་ཀྱང་མ་ལུས་པ་ཞིབ་བཤེར་བྱས་ནས་མི་ཚང་མ་འགན་བཅོལ་ནང་ཞུགས་པ་དང་འགན་བཅོལ་བྱེད་དགོས་རིགས་ཚང་མ་འགན་བཅོལ་ཐུབ་པ་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།