འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱོགས་གཉིས་ནས་སྤེལ་རེས་བྱས་ཏེ་གྲོང་གསེབ་ཀྱི་སློབ་གསོར་ཕན་པ་ཐོབ་པར་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་01ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “གོང་འོག་སྤེལ་རེས”ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་ལག་ལེན་བསྟར་བའི་སློབ་སྐྱོར་སྤེལ་རེས་བྱེད་སྟངས་ཤིག་སྟེ། གྲོང་ཁྱེར་ཐད་གཏོགས་སློབ་གྲྭ་ནས་རྐང་འཛིན་དགེ་རྒན་བདམས་ཏེ། རྫོང(ཆུས)དང་གྲོང་རྡལ་གྱི་སློབ་གྲྭར་སློབ་སྐྱོར་བྱེད་དུ་མངགས་པ་དང་། རྫོང(ཆུས)དང་གྲོང་རྡལ་གྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་ནས་རྐང་འཛིན་དགེ་རྒན་བདམས་ཏེ། ཤང་དང་གྲོང་ཚོའི་སློབ་གྲྭར་སློབ་སྐྱོར་བྱེད་དུ་མངགས་པ། ཤང་དང་གྲོང་ཚོའི་སློབ་གྲྭའི་དགེ་རྒན་རྫོང(ཆུས)དང་གྲོང་རྡལ་གྱི་སློབ་གྲྭར་སྤེལ་རེས་བྱེད་དུ་བཏང་བ། རྫོང(ཆུས)དང་གྲོང་རྡལ་གྱི་སློབ་གྲྭའི་དགེ་རྒན་གྲོང་ཁྱེར་ཐད་གཏོགས་སློབ་གྲྭར་སྤེལ་རེས་བྱེད་དུ་བཏང་བ་བཅས་རེད། མིག་སྔར་ལྷོ་ཁ་གྲོང་ཁྱེར་གྱི“གོང་འོག་སྤེལ་རེས”ཀྱི་ཚོགས་སྒྲིག་རྣམ་པའི་སློབ་སྐྱོར་སྤེལ་རེས་ཀྱི་ཁོངས་སུ་རྫོང་7དང་། སློབ་གྲྭ་35 དགེ་རྒན་109བཅས་གཏོགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།