འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ས་མཐོའི་གཙང་པོ་དང་མཚེའུ་ཡི་སྣོད་བཅུད་ཁོར་ཡུག་ལ་གནད་འཁེལ་ལྟ་
    ཞིབ་ཚད་ལེན་ཐེངས་དང་པོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་01ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གནམ་གཤིས་འགྱུར་ལྡོག་གིས་ས་མཐོའི་གཙང་པོ་དང་མཚེའུ་ཡི་སྣོད་བཅུད་ཁོར་ཡུག་ལ་ཤུགས་རྐྱེན་ཕོག་པར་ཁ་གཏད་བཅག་ནས་ས་མཐོའི་མཚེའུ་གཙོ་བོའི་ཆུ་དཔྱད་སྣོད་བཅུད་ཀྱི་འགྱུར་ལྡོག་འགྲོ་ཚུལ་ཁོང་དུ་ཆུད་པར་བྱ་ཆེད། ཟླ་5ཚེས་28ཉིན་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་དང་མཚོ་སྔོན་ཞིང་ཆེན་ཆུ་དཔྱད་དང་ཆུའི་ཐོན་ཁུངས་རྩད་ཞིབ་ཐིག་ལེན་ཅུས་ཀྱིས་འབྲི་ཆུའི་ཚན་རིག་ཁང་དང་མཉམ་འབྲེལ་བྱས་ཏེ་ཁོ་ལུའུ་ཁེ་མཚེའུ་ཡི་སྣོད་བཅུད་ཁོར་ཡུག་ལ་གནད་ལ་འཁེལ་བའི་ལྟ་ཞིབ་ཚད་ལེན་བྱས་ཤིང་། དེ་ནི་ཀྲུང་གོས་ས་མཐོའི་གཙང་པོ་དང་མཚེའུ་ཡི་སྣོད་བཅུད་ཁོར་ཡུག་ལ་གནད་འཁེལ་ལྟ་ཞིབ་ཚད་ལེན་བྱེད་ཐེངས་དང་པོ་རེད།
         ཁོ་ལུའུ་ཁེ་མཚེའུ་ནི་ཚ་འདམ་གཤོངས་སའི་ཚྭ་མེད་མཚེའུ་ཆེ་ཤོས་དེ་ཡིན་པ་དང་དེ་ནས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡི་ལྟེ་བའི་གྲོང་ཁྱེར་གཏེར་ལེན་ཁ་དང་བར་ཐག་སྤྱི་ལེ་50ཙམ་ཡོད་པ་དང་། ས་བབ་མཐོ་ཚད་སྨི་2800ཙམ་ཡོད་པ། མཚེའུ་ངོས་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་58ཡོད་པ་རེད། ས་ཁུལ་དེའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་ཆེད་2000ལོར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཁོ་ལུའུ་ཁེ་མཚེའུ——ཐོ་སའོ་མཚེའུའི་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ལྟ་ཞིབ་ཚད་ལེན་ཐད་གནམ་ས་གཞི་གཅིག་ཅན་གྱི་ལངས་གཟུགས་ལྟ་ཞིབ་ཚད་ལེན་གྱི་བྱེད་ཐབས་སྤྱད་ནས་མཚེའུ་དེའི་ཆུའི་ཁོར་ཡུག་དང་། མཚེའུ། མཐའ་འཁོར་གྱི་སྣོད་བཅུད་ཁོར་ཡུག་བཅས་ལ་ཚན་རིག་ཚད་འཇལ་དང་བརྟག་དཔྱད་བྱས་ནས་རྩ་ཆེའི་ཚན་རིག་རྟོག་ཞིབ་ཀྱི་གཞི་གྲངས་ཐོབ་པར་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།