འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཉིན་རེར་ཆ་སྙོམས“སྦྱིན་བདག”124མང་དུ་འགྲོ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་01ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཀྱི་ཐོ་འགོད་མ་རྩ་དངོས་སུ་འཇལ་བ་ནས་དངུལ་འཇལ་ཁས་ལེན་ལ་བསྒྱུར་བ་དང་། “སྔོན་ལ་ལག་ཁྱེར་དང་རྗེས་སུ་དཔང་ཡིག་སྤྲོད་པ”“ལག་ཁྱེར་བཅོ་བརྒྱད་གཅིག་སྒྲིལ”སོགས་ཀྱི་སྒྱུར་བཅོས་རབ་དང་རིམ་པ་བྱས་པས་ཁེ་ལས་འཕེལ་རྒྱས་ཀྱི་ལམ་ལུགས་རང་བཞིན་གྱི་མ་རྩ་ཧ་ཅང་དམའ་རུ་ཕྱིན་པ་མ་ཟད། དེས་གངས་ལྗོངས་ས་མཐོར་དམངས་ཀྱིས་བྱ་གཞག་གཏོད་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ཚ་རླབས་ཤིག་ཀྱང་འཕྱུར་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཚོང་དོན་ལམ་ལུགས་སྒྱུར་བཅོས་བྱས་ཚུན། བོད་དུ་རིགས་ཁག་གི་ཁྲོམ་རའི་བྱེད་པོའི་དུད་ཚང་ཁྲི་19.23འཕར་ནས་ཉིན་རེར་ཆ་སྙོམས“སྦྱིན་བདག”124མང་དུ་འགྲོ་གི་ཡོད་པ་རེད།
         བོད་རང་སྐྱོང་ལྗོངས་བཟོ་ཚོང་སྲིད་འཛིན་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀུའོ་ནའེ་ཞུང་གིས། ལོ་བཞི་ཡི་རིང་བོད་ལྗོངས་བཟོ་ཚོང་སྡེ་ཚན་གྱིས་སྔོན་ཆད་སྡེ་ཚན་18དང་འབྲེལ་བའི་ཡོད་པའི་རེ་ཞུའི་རེའུ་མིག་24གཅིག་ཏུ་སྒྲིལ་བས་དཔྱད་གཞིའི་ཡིག་ཆ་95%ཉུང་དུ་ཕྱིན་པ་དང་། ལག་ཁྱེར་གཉེར་བའི་དུས་བཅད་དེ་དེ་སྔོན་ཉིན་60ནས་ཉིན་3བར་ཐུང་དུ་ཕྱིན་ཡོད། ཁེ་ལས་ཀྱིས་དཔྱད་གཞིའི་ཡིག་ཆ་ཡང་ཡང་འབུལ་བ་དང་། སྡེ་ཚན་གྱིས་ཐེངས་མང་རྒྱུག་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།