འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།2019ལོའི་ལོ་མཇུག་ཏུ་དཀར་མཛེས་དང་རྔ་པ་སོགས་ཤིན་ཏུ་དབུལ་བའི་རྫོང་གི་ལམ་རྒྱུད་
    དུ་4Gདྲ་རྒྱ་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་01ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་སི་ཁྲོན་ཞིང་ཆེན་འཕྲིན་གཏོང་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། ཤིན་ཏུ་དབུལ་བའི་རྫོང་གི་ཆ་འཕྲིན་འཕྲིན་གཏོང་འཛུགས་སྐྲུན་ལ་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་ཆེད་སི་ཁྲོན་ཞིང་ཆེན་གྱིས་ཤིན་ཏུ་དབུལ་བའི་རྫོང་གི་ལམ་རྒྱུད་དུ་4Gདྲ་རྒྱ་ཁྱབ་པའི་འདུ་འགོད་ལག་བསྟར་བྱས་པ་དེ་ནི་སྲིད་འཛིན་གྲོང་ཚོ་ཚང་མར་དྲ་ཆེན་ཤར་གཏོང་ཐུབ་པ་དང་རང་བྱུང་གྲོང་ཚོ་ཚང་མར་ཁ་པར་ཤར་གཏོང་ཐུབ་རྗེས་ཀྱི་ཆེད་དོན་བྱ་སྤྱོད་གལ་ཆེན་གཞན་ཞིག་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་འདུ་འགོད་དེར“སྲིད་གཞུང་གིས་ཁྲིད་སྟོན་དང་ཁེ་ལས་གཙོ་བོར་བྱེད་པའི”རྣམ་པ་སྤྱད་དེ་ཁག་ཐེངས་གཉིས་ལ་བགོས་ནས་ལག་ལེན་བསྟར་རྒྱུ་དང་4Gསྦྲེལ་ཚུགས་1136བསྐྲུན་རྩིས་ཡོད་པར་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་2.1གཏོང་རྒྱུ་དང་ཁེ་ལས་ཀྱིས་མ་དངུལ་སྒོར་དུང་ཕྱུར་4.9གཏོང་རྒྱུར་སྣེ་ཁྲིད་བྱ་རྒྱུ་རེད། མིག་སྔར་ཁག་དང་པོའི་ལས་གྲྭའི་གན་རྒྱ་འཇོག་པ་དང་རྩད་ཞིབ་ཇུས་འགོད་ལེགས་གྲུབ་ཟིན་ཏེ་ཕྱོགས་ཡོངས་ནས་སྐྲུན་འགོ་ཚུགས་པ་རེད། ཁག་གཉིས་པའི་ལས་གྲྭ་2018ལོའི་ལོ་མཇུག་དང་2019ལོའི་ལོ་མཇུག་ཏུ་ལག་བསྟར་བྱ་རྒྱུ་རེད།
         ལས་གྲྭ་ལེགས་གྲུབ་ཟིན་རྗེས་དཀར་མཛེས་དང་། རྔ་པ། ལེའང་ཧྲན། ལེ་ཧྲན་སོགས་ཤིན་ཏུ་དབུལ་བའི་རྫོང་གི་གཙོ་གནད་རྒྱལ་ལམ་དང་ཞིང་ཆེན་ལམ་དང་དེ་བཞིན་རྫོང་ལམ་སྤྱི་ལེ་3200ཙམ་དུ་4Gདྲ་རྒྱ་ཁྱོན་ཡོངས་ལ་ཁྱབ་ཐུབ་ནས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གཙོ་གནད་ལམ་རྒྱུད་ཀྱི་ལག་ཐོགས་ཁ་པར་གྱི་དྲ་བར་ཞུགས་པའི་གནད་དོན་ལེགས་བཅོས་ཆེན་པོ་ཐུབ་ནས་དྲ་ཞུགས་མྱུར་ཚད་དེ་སྔའི་2Gདྲ་རྒྱ་ལས་ལྡབ་20ཡན་མགྱོགས་སུ་འགྲོ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།