འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་3ལ་སླེབས་པའི་རྐང་པར་སྐྱོན་ཡོད་པའི་བྱིས་པ་བུ་མོ་ཤའོ་ཤའོ་ཡིས“ང་རང་ཆེན་པོ་ཆགས་
    རྗེས་པ་ལིའི་ཞབས་བྲོ་འཁྲབ་མཁན་བྱ་རྒྱུ་ཡིན”

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་31ཉིན། 16:09】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    སྦྱོང་བརྡར་གྱི་བར་གསེང་དུ་རོལ་རྩེད་རྩེ་བཞིན་པ།
    སྦྱོང་བརྡར་གྱི་བར་གསེང་དུ་རོལ་རྩེད་རྩེ་བཞིན་པ།
          མི་དམངས་དྲ་བའི་འཕྲིན། ལོ་3ལ་སླེབས་པའི་ཤའོ་ཤའོ་འཕྲུལ་འཁོར་བགེགས་བར་ཞིག་གི་ཁྲོད་དུ་རྐང་པ་གཡས་པ་མེད་པར་སོང་ཡོད། ཧོ་ནན་ཞིང་ཆེན་ལུས་གསོའི་གཞོགས་འདེགས་ཡོ་བྱད་ལག་རྩལ་ལྟེ་གནས་སུ་ཉིན་40ལྷག་ཙམ་སྦྱོང་བརྡར་བྱས་པ་བརྒྱུད། ཁོ་མོས་རྐང་ཚབ་གྱོན་ནས་ཁེར་རྐྱང་གོམ་པ་སྤོ་བ་དང་། སྐས་ཁར་འཛེགས་པ། རྡོ་རོབ་ཀྱི་ལམ་སོགས་སུ་འགྲོ་བའི་ལུས་གསོའི་སྦྱོང་བརྡར་ལས་རྣམ་པར་རྒྱལ་བ་བྱུང་ཡོད་པས། “ང་རང་ཆེན་པོ་ཆགས་རྗེས་པ་ལིའི་ཞབས་བྲོ་འཁྲབ་མཁན་བྱ་འདོད་ཡོད”ཅེས་ཤའོ་ཤའོ་ཡི་ཁོ་མོའི་སེམས་འདུན་བརྗོད་ཡོད། རྐང་ལག་ཚབ་བཟོ་སྒྲིག་མཁན་ལི་རུའེ་ཡིས་གསར་འགོད་པར་བརྗོད་པར། “ད་ལྟའི་རྐང་ལག་ཚབ་གྱི་བཟོ་སྐྲུན་ལག་རྩལ་ལྟར་ན། ཤའོ་ཤའོ་ཞབས་བྲོ་འཁྲབ་འདོད་ན་རྐང་ཚབ་དེས་ཁོ་མོའི་ཕུགས་བསམ་ལ་གཤོག་པ་སྦྱིན་ངེས་རེད” 
    【1】  【2】  【3】  【4】  【5】  【6】
    
ཁེར་རྐྱང་གོམ་པ་སྤོ་བའི་སྦྱོང་བརྡར་བྱེད་བཞིན་པ།

    ཁེར་རྐྱང་གོམ་པ་སྤོ་བའི་སྦྱོང་བརྡར་བྱེད་བཞིན་པ། 
      

    ཕྱོགས་བསྡུས་གསར་འགྱུར།