འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་མི་རིགས་རང་སྐྱོང་རྫོང་གི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་
    པའི་ཉམས་མྱོང་སྤེལ་རེས་ཀྱི་ས་གནས་ས་ཐོག་གི་ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་30ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་མི་རིགས་རང་སྐྱོང་རྫོང་གི་ཕྱོཌ་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ཉམས་མྱོང་སྤེལ་རེས་ཀྱི་ས་གནས་ས་ཐོག་གི་ཚོགས་འདུ་ཚེས་27ཉིན་ཀྲེ་ཅང་ཞིང་ཆེན་ཅིང་ཉིང་ཧྲེ་རིགས་རང་སྐྱོང་རྫོང་དུ་འཚོགས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་པ་ཐེར་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
         པ་ཐེར་གྱིས“ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱེད་པར་གཅིག་ཀྱང་ལུས་མི་རུང་བའི”འདུ་ཤེས་ཁོང་དུ་བརྟན་པོར་ཆུད་པ་བྱས་ནས་མི་རིགས་ས་ཁུལ་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་སྤྱད་དེ་བསམ་བློར་དྲག་ཆས་སྤྲས་ནས་འཕེལ་རྒྱས་ཀྱི་གཞི་འཛིན་ས་དང་ཤུགས་རྒྱག་ས་དེ་ཏང་གི་མི་རིགས་སྲིད་ཇུས་མངོན་པར་བྱ་རྒྱུ་དང་། མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་རྒྱུ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་བཅས་ཀྱི་ཐོག་བཞག་ནས་ཐུན་མོང་ཐོག་ཕྱུག་པོ་ཆགས་པར་བྱེད་པའི་བགྲོད་ལམ་ཧུར་ཐག་གཏོད་པ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་པར་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ། སྣ་མང་ཅན་གྱི་རིག་གནས་ཞི་མཐུན་མཉམ་གནས་ཀྱི་དཔེ་སྟོན་སྐར་ཁུང་བཏོད་དེ་ཀྲུང་གོའི་ཁྱད་ཆོས་དང་རང་སྐྱོང་རྫོང་གི་ཁྱད་ཆོས་ལྡན་པའི་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་དགོས་པའི་ནན་བཤད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།