འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ལྷ་སར་2018ལོའི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་30ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་24ཉིན། ལྷ་ས་གྲོང་ཁྱེར་གྱི་2018ལོའི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་གྱི་འགོ་ཚུགས་མཛད་སྒོ་དང་ལྷ་ས་གྲོང་ཁྱེར་གྱི་སྐབས་གཉིས་པའི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་འགྲན་བསྡུར་ཆེ་མོའི་གཟེངས་བསྟོད་ཚོགས་ཆེན་ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་གི་དཔེ་སྟོན་ཕྱོགས་བསྡུས་ལག་ལེན་རྟེན་གཞིར་འཚོགས་ཡོད། བྱེད་སྒོ་དེའི་དམིགས་ཡུལ་ནི་ལྷ་ས་གྲོང་ཁྱེར་གྱི་ཚན་རིག་ཁྱབ་གདལ་སློབ་གསོའི་ལས་ཀར་སྐུལ་འདེད་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་འདུ་ཤེས་སྐྱེད་སྲིང་དང་། གཞོན་ནུ་ལོ་ཆུང་གི་ཚན་རིག་ལག་ལེན་ནུས་པ་ཆེ་རུ་གཏོང་ཆེད་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།