འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷོ་ཁར་རྩ་གཉིས་ཨང་རྟགས་བཤེར་ན་གཞུང་འཁོར་དབྱེ་འབྱེད་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་30ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྩ་གཉིས་ཨང་རྟགས་བཤེར་ན། རླངས་འཁོར་གྱི་འཁོར་རྟགས་དང་། ཁ་ལོ་བའི་མིང་། འབྲེལ་གཏུག་ཁ་པར་ཨང་གྲངས། དེ་བཞིན་གྲོང་ཁྱེར་སྒྲིག་ཨུད་ཀྱི་ཐེར་འདོན་ཁ་པར་སོགས་ཀྱི་ཆ་འཕྲིན་ཚང་མ་འཕྲལ་དུ་དོན་གྱི་ཡོད། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྒྲིག་ཨུད་ཀྱིས“དྲ་སྦྲེལ་+”སྤྱད་དེ་གྲོང་ཁྱེར་ཡོངས་ཀྱི་གཞུང་ཁོངས་ཚང་མར་ཆ་འཕྲིན་ཡོད་དགོས་པ་དང་། ས་ཆ་གང་དུ་སླེབས་ཀྱང་མི་དམངས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ། སྒྲིག་ཁྲིམས་ཨང་དང་པོར་བཞག་ནས་ཕྱི་བྱ་སྤྱོད་ཐོག་འཁྱོལ་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་སྒྲིག་ཨུད་ཀྱིས“དྲ་སྦྲེལ་+”ལས་སྟེགས་ལ་བརྟེན་ནས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་སྲིད་ལས་ཁུངས་དང་མི་དམངས་ཚོགས་པས་གོང་འབུལ་ཞུས་པའི་གཞུང་འཁོར་གྱི་ཆ་འཕྲིན་ལ་བསྡོམས་རྩིས་དང་དཔྱད་བསྡུར་ནན་ཏན་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་གཞུང་འཁོར་ལ་ཆ་འཕྲིན་ཡིག་ཚགས་བཟོས་པ་མ་ཟད། གཞུང་འཁོར་ཚང་མའི་ཞིབ་ཕྲའི་ཆ་འཕྲིན་གཞིར་བཟུང་རླངས་འཁོར་སོ་སོར་རྩ་གཉིས་ཨང་རྟགས་བཟོས་པ་རེད། མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱི་གཞུང་འཁོར་1811ཚང་མར་རྩ་གཉིས་ཨང་རྟགས་སྦྱར་ཡོད། གོམ་སྟབས་རྗེས་མར་གྲོང་ཁྱེར་དེས་དུས་ངེས་མེད་ནང་གཞུང་འཁོར་ལ་རྩ་གཉིས་ཨང་རྟགས་སྦྱར་ཡོད་མེད་དང་གཞུང་འཁོར་བེད་སྤྱོད་གནས་ཚུལ་ལ་ལྟ་ཞིབ་བྱས་ཏེ་གཏན་འབེབས་ལྟར་རྩ་གཉིས་ཨང་རྟགས་སྦྱར་མེད་པ་དང་། རྐང་བཙུགས་ནས་ཨང་རྟགས་བཀབ་པ། རྐང་བཙུགས་ནས་ཨང་རྟགས་བསུབས་པ་བཅས་བྱས་ནས་གཞུང་འཁོར་དེ་ཚན་པ་གང་ཞིག་གི་ཡིན་མིན་དབྱེ་འབྱེད་མ་ཐུབ་ཚེ་བརྡ་ཁྱབ་སྐྱོན་བརྗོད་གཏོང་རྒྱུ་དང་། ཚན་པ་དང་འགན་འཁུར་བར་ཡིག་ཐོག་གི་ངོས་ལེན་ཡི་གེ་འབྲི་རུ་འཇུག་རྒྱུ་མ་ཟད། འགོ་ཁྲིད་གཙོ་བོའི་འགན་འཁྲི་བདའ་འདེད་དང་དུས་བཀག་ནང་དག་ཐེར་བྱེད་དུ་བཅུག་སྟེ“འཁོར་ཐོག་གི་རུལ་སུངས”གཏན་ནས་མི་ཐོན་པ་བྱ་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།