འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་རྨ་ལྷོ་ཀྲོའུ་ཡི་འཁྲབ་སྟོན་པས་མི་རིགས་གླུ་གར་འཁྲབ་ནས་ཐུགས་རྗེ་ཆེ་ཞུ་སེམས་
    མཚོན་པར་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་26ཉིན། 12:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་ཐེན་ཅིན་ཟློས་གར་ཁང་ཆེ་མོར་མཚོ་སྔོན་གྱི་མི་རིགས་གླུ་གར་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད། ཞིང་ཆེན་ལྷ་མོ་ཚོགས་པ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་མི་རིགས་གླུ་གར་ཁང་གིས་རྩོམ་སྒྲིག་བྱས་པའི་ཁྱད་ལྡན་གྱི་གླུ་གར་ཆེ་གྲས་《རེབ་གོང་གི་ཉམས་འགྱུར་》མཛེས་སྡུག་ལྡན་པའི་པོ་ཧའེ་གཙང་པོའི་ངོགས་སུ་འཁྲབ་པ་རེད།
         ཉེ་བའི་ལོ་ཤས་རིང་། ཐེན་ཅིན་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་ཁ་གཏད་རོགས་སྐྱོར་ལས་ཀའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་པོ་བྱས་ཏེ། རྨ་ལྷོ་ཀྲོའུ་དང་མཉམ་ལས་རོགས་སྐྱོར་ལམ་སྲོལ་བཟོས་པ་དང་སྔ་རྗེས་སུ་རིགས་ཁག་གི་རྣམ་གྲངས་140ལྷག་ཙམ་གྱི་ལག་བསྟར་ལ་རྒྱབ་སྐྱོར་བྱས་པས། རྨ་ལྷོ་ཀྲོའུ་ཡི་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་དང“རང་རྟེན”འཇོན་ཐང་ཆེ་རུ་ནུས་ལྡན་ཕྱིན་ནས་ཀྲོའུ་དེའི་མི་རིགས་ཁག་གི་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་པ་དང་རྨ་ལྷོའི་ས་གཞི་ཆེ་མོར་ཐེན་ཅིན་གྱི་ཉམས་འགྱུར་མངོན་ཡོད། ད་རེས་ཀྱི་འཁྲབ་སྟོན་དེའང་དྲིན་གཟོའི་བསམ་པ་མཚོན་པའི་འགྲུལ་བཞུད་ཅིག་དང་འདྲ་བར་སྒྱུ་རྩལ་གྱི་ལམ་ནས་ས་མཐོའི་མི་དམངས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཞུ་སེམས་མཚོན་པར་བྱས་པ་ཞིག་རེད། 
      

    ཕྱོགས་བསྡུས་གསར་འགྱུར།