འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཁོ་རེ་ཡ་བྱང་མས་ཧྥོང་ཞི་ལིའི་ཉིང་རྡུལ་ཚོད་ལྟ་ཁུལ་བེད་མེད་བཟོས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་25ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཁོ་རེ་ཡ་བྱང་མས་ཧྥོང་ཞི་ལིའི་ཉིང་རྡུལ་ཚོད་ལྟ་ཁུལ་བེད་མེད་བཟོས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་24ཉིན། ཁོ་རེ་ཡ་བྱང་མའི་བྱང་ཤར་དུ་གནས་པའི་ཅི་ཀྲོའུ་ཅུན་གྱི་ཧྥོང་ཞི་ལིའི་ཉིང་རྡུལ་ཚོད་ལྟ་ཁུལ་གྱི་དོང་ལམ་མང་པོ་འབར་རྫས་ཀྱིས་གཏོར་བ་དང་ཆབས་ཅིག འབྲེལ་ཡོད་སྒྲིག་ཆས་བཤིག་པའམ་མེད་པ་བཟོས་ཏེ། ཉིང་རྡུལ་ཚོད་ལྟ་ཁུལ་འདི་ཉིད་དངོས་སུ་མེད་པ་བཟོས་པ་ཁྱབ་བསྒྲགས་བྱས་པ་རེད།
         ཁོ་རེ་ཡ་བྱང་མས་ཉིན་དེར་སྔ་རྗེས་སུ་དེ་སྔོན་2009ལོ་ནས་2017ལོའི་བར་དུ་ཉིང་རྡུལ་ཚོད་ལྟ་ཐེངས་5བྱེད་མྱོང་བའི་དོང་ལམ་ཨང་གཉིས་པ་དང་དེ་བཞིན་ཉིང་རྡུལ་ཚོད་ལྟར་བེད་སྦྱོད་ཆོག་པའི་དོང་ལམ་གཞན་གཉིས་འབར་རྫས་ཀྱིས་གཏོར་བ་མ་ཟད། ད་དུང་ལྟ་ཞིབ་ཁང་དང་། དམག་སྒར་གྱི་ཉེན་རྟོག་བདེ་སྲུང་ཁང་སོགས་ས་ངོས་ཁོངས་གཏོགས་ཀྱི་སྒྲིག་ཆས་ཁག་10ལྷག་ཙམ་རྩ་གཏོར་དང་བཤིག་པའི་བྱེད་སྒོར་གྲུབ་འབྲས་ཐོབ་པའི་ཁྱབ་བསྒྲགས་བྱས་པ་རེད། 
        ཀྲུང་གོ་དང་ཨུ་རུ་སུ། ཨ་རི། དབྱིན་ཇི། ཁོ་རེ་ཡ་ལྷོ་མ་བཅས་ཀྱི་རྒྱལ་ཁབ་10ཡི་ཕྱི་རྒྱལ་སྨྱན་སྦྱོར་ཁང་གི་གསར་འགོད་པ་ལས་གྲུབ་པའི་རྒྱལ་སྤྱིའི་གསར་འགོད་པ་ཚོགས་པས་ས་ཡུལ་དངོས་ནས་འབར་རྫས་ཀྱིས་གཏོར་བ་དང་བཤིག་པའི་བྱེད་སྒོར་བཅར་འདྲི་བྱས་པ་རེད།
    ༄༅།།ཁོ་རེ་ཡ་བྱང་མས་ཧྥོང་ཞི་ལིའི་ཉིང་རྡུལ་ཚོད་ལྟ་ཁུལ་བེད་མེད་བཟོས་པ།
      

    ཕྱོགས་བསྡུས་གསར་འགྱུར།