འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་4པར་རྒྱལ་ཡོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་
    དང་འགལ་བའི་གནད་དོན་3922ཞིབ་བཤེར་ཐག་གཅོད་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་25ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། 2018ལོའི་ཟླ་4པར། རྒྱལ་ཡོངས་སུ་ཁྱོན་བསྡོམས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ཁྱོན་3922ཞིབ་བཤེར་ཐག་གཅོད་བྱས་པར་མི་5759ལ་ཐག་གཅོད་བྱས་པ་དང་། མི་3991ལ་ཏང་སྲིད་ཀྱི་སྒྲིག་ཁྲིམས་ཆད་པ་ཕོག་ཡོད་པ་རེད། 
         ཟླ་4པར་ཞིབ་བཤེར་ཐག་གཅོད་བྱས་པའི་གནད་དོན་3922ཁྲོད་དུ། གཏན་འབེབས་ལས་འགལ་ནས་ཁ་གསབ་དང་ཕན་བདེའི་དངུལ་སྤྲད་པའི་གནད་དོན་961དང་།  གཏན་འབེབས་ལས་འགལ་ནས་ལག་རྟགས་དང་དངུལ་སྨར་སྤྲད་པའི་གནད་དོན་707 གཏན་འབེབས་ལས་འགལ་ནས་གཞུང་འཁོར་བེད་སྤྱད་པའི་གནད་དོན་637 མཉེན་སྒྲིག་དང་འདས་མཆོད་གཟབ་རྒྱས་བྱས་པའི་གནད་དོན་448 གཏན་འབེབས་ལས་འགལ་ནས་གཞུང་དངུལ་སྤྱད་ནས་ཟ་བཏུང་བྱས་པའི་གནད་དོན་438 ཚད་གཞི་ལས་བརྒལ་བའི་སྣེ་ལེན་མཁོ་འདོན་ནམ་དང་ལེན་བྱེད་པ་དང་། འཛད་སྤྱོད་མཐོ་བའི་རོལ་རྩེད་དང་ལུས་སྦྱོང་བྱེད་སྒོ་དང་ལེན་བྱེད་པའམ་ཡང་ན་གཞུང་དངུལ་བེད་སྤྱད་དེ་ཞུགས་པ། གཏན་འབེབས་ལས་འགལ་ནས་སྒེར་གྱི་འདུ་གནས་སུ་འགྲོ་འོང་བྱེད་པ། འགོ་ཁྲིད་ལས་བྱེད་པའི་སྡོད་ཁང་གཏན་འབེབས་ལས་འགལ་བ། གཏན་འབེབས་ལས་འགལ་ནས་དོ་དམ་ཞབས་ཞུ་བྱ་ཡུལ་གྱི་གསོལ་སྟོན་དང་ལེན་བྱེད་པ་བཅས་ཀྱི་གནད་དོན་355 གཞུང་དངུལ་སྤྱད་དེ་རྒྱལ་ནང་དུ་ཡུལ་སྐོར་བྱེད་པའི་གནད་དོན་170 མགྲོན་ཁང་དང་། ཐོག་ཁང་། ཚོགས་ཁང་། འགྲུལ་ཁང་། སྣེ་ལེན་ཁང་བཅས་ཀྱི་གཏན་འབེབས་ལས་འགལ་བའི་གནད་དོན་201 གཞུང་དངུལ་སྤྱད་དེ་ཕྱི་རྒྱལ་དུ་ཡུལ་སྐོར་འགྲོ་བའི་གནད་དོན་5བཅས་ཡིན་པ་རེད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་ནས་ཏང་སྲིད་སྒྲིག་ཁྲིམས་ཀྱི་ཆད་པ་ཕོག་པའི་ལས་བྱེད་པའི་ཁྲོད་དུ། ས་ཁུལ་དང་ཐིང་རིམ་པའི་མི་56དང་། རྫོང་རིམ་པའི་མི་371 ཤང་ཁོའོ་རིམ་པ་དང་དེ་མན་གྱི་མི་3564བཅས་ཡོད་པ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།