འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱི་ཡུལ་མིའི་བདེ་ཐང་ཆུ་ཚད་མུ་མཐུད་མཐོ་རུ་སོང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་25ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་2018ལོའི་མཚོ་སྔོན་ཞིང་ཆེན་གྱི་བདེ་ཐང་ཡར་སྐུལ་དང་སློབ་གསོའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། མཚོ་སྔོན་ཞིང་ཆེན་གྱི་ཡུལ་མིའི་བདེ་ཐང་ཆུ་ཚད་མུ་མཐུད་མཐོ་རུ་སོང་ནས་ཚན་རིག་དང་མཐུན་པའི་བདེ་ཐང་ལྟ་བ་ལྡན་པའི་མི་འབོར་གྱི་བསྡུར་ཚད་ཟམ་མི་ཆད་པར་མང་དུ་ཕྱིན་ཡོད་པ་རེད།
          མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཞའོ་ཏུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས“1234567”གྱི་བདེ་ཐང་ཡར་སྐུལ་དང་སློབ་གསོའི་བྱེད་སྟངས་གསར་པ་ལག་ལེན་བསྟར་ནས་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་། བདེ་ཐང་ལ་བརྟེན་ནས་བྱ་སྤྱོད་ལ་སྐུལ་མ་གཏོང་བའི་རྣམ་གྲངས་ལག་ལེན་བསྟར་བ། བདེ་ཐང་སློབ་གསོ་ལེ་དབར་ཁྲིར་གཏིང་ཟབ་སྤེལ་བའི་སྤུས་རྟགས་གཏོད་པ་སོགས་ཀྱི་བྱ་སྤྱོད་བརྒྱུད། བདེ་ཐང་ཡར་སྐུལ་དང་སློབ་གསོར་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་རེད།
         གྲངས་གཞི་ལས་མངོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ཡུལ་མིའི་བདེ་ཐང་ཆུ་ཚད་དང་། དེ་བཞིན་ཚན་རིག་དང་མཐུན་པའི་བདེ་ཐང་ལྟ་བ་ལྡན་པའི་མི་འབོར་གྱི་བསྡུར་ཚད་10.24%དང་39.85%ཁག་སོ་སོར་འཕར་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས་2.08དང་9.45སོ་སོར་མང་དུ་ཕྱིན་ཡོད་པ་རེད།
         “སླད་ཕྱིན་མཚོ་སྔོན་གྱིས་བདེ་ཐང་ཀྲུང་གོའི་འཐབ་ཇུས་དང་བདེ་ཐང་ལྡན་པའི་མཚོ་སྔོན་བསྐྲུན་པའི་བྱ་ཐབས་མུ་མཐུད་ལག་ལེན་བསྟར་ནས་བདེ་ཐང་ཡོང་བ་བྱ་རྒྱུ་སྲིད་ཇུས་ཚང་མའི་ནང་བཅུག་ནས་བདེ་ཐང་གི་ཞབས་ཞུ་བྱེད་སྟངས་བཟང་སྒྲིག་བྱེད་པ་དང་། བདེ་ཐང་གི་ཤེས་བྱ་བརྒྱུད་སྤེལ་བྱེད་པ། བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཁྱབ་གདལ་གཏོང་བ། བདེ་ཐང་གི་ཁོར་ཡུག་སྐྲུན་པ”བཅས་བྱ་རྒྱུ་རེད་ཅེས་ལི་ཞའོ་ཏུང་གིས་བརྗོད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།