འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བོད་རིག་པ་སྤེལ་རེས་ཚོགས་པས་པེར་ལིན་དུ་འཚམས་འདྲི་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་24ཉིན། 14:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་རིག་པ་སྤེལ་རེས་ཚོགས་པས་ཟླ་5ཚེས་21ཉིན་ནས་ཚེས་23ཉིན་བར་དུ་འཇར་མན་གྱི་རྒྱལ་ས་པེར་ལིན་དུ་འཚམས་འདྲི་བྱས་པ་རེད། འཚམས་འདྲི་བྱེད་རིང་། སྤེལ་རེས་ཚོགས་པས་འཇར་མན་སྲིད་གཞུང་གི་དཔོན་རིགས་དང་སྨྱན་སྦྱོར་ཁང་གི་གསར་འགོད་པ་སོགས་དང་སྤེལ་རེས་བྱེད་སྒོ་ཐེངས་མང་སྤེལ་ནས། བོད་ཀྱི་ལོ་རྒྱུས་དང་རིག་གནས། ཆོས་ལུགས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། དེ་བཞིན་མིག་སྔ་རྒྱལ་སྤྱིར་གླེང་མང་བའི་གནད་དོན་བཅས་ཀྱི་སྐོར་ལ་སྤེལ་རེས་དང་ཞིབ་དཔྱད་གཏིང་ཟབ་བྱས་པ་རེད།   
         སྤེལ་རེས་ཚོགས་པ་འདི་ནི་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་འགོ་འཛིན་ཀྲང་ཡུན་གྱིས་ཚོགས་གཙོ་དང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོ་བོད་ཀྱི་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་བོད་རིག་པའི་མཁས་དབང་སོགས་ལས་གྲུབ་པ་ཞིག་རེད།  ནུབ་ཕྱོགས་རྒྱལ་ཁབ་ལ་ལས་རང་རེའི་མི་རིགས་སྲིད་ཇུས་ལ་ཕྱོགས་རེས་ཀྱི་ལྟ་ཚུལ་འཛིན་པ་དང་གོ་ནོར་ཐེབས་པའི་གནད་དོན་ལ་དམིགས་ནས། ཀྲང་ཡུན་གྱིས་རང་རྒྱལ་གྱི་མི་རིགས་ས་ཁོངས་སུ་རང་སྐྱོང་ལམ་ལུགས་ཀྱི་ལེགས་ཆ་དང་། དེ་བཞིན་བོད་ལྗོངས་སུ་ལེགས་གྲུབ་ལྡན་པའི་ངང་ལག་བསྟར་བྱས་ཚུལ་གསལ་འགྲེལ་བྱས་ཤིང་། ཁོང་གིས། མི་རིགས་ཀྱི་དབྱེ་འབྱེད་ངོས་འཛིན་ནི་མི་རིགས་ཁག་ལ་དེ་བས་ལེགས་པའི་བརྩི་འཇོག་བྱ་ཆེད་དང་། མི་རིགས་དབར་སྤེལ་རེས་དང་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བཏང་ནས་ཐུན་མོང་ཐོག་འཕེལ་རྒྱས་མངོན་འགྱུར་ཡོང་རྒྱུ་དེ་ཡིན་པ་རེད། མི་རིགས་དབར་དབྱེ་མཚམས་ལ་ཐལ་དྲག་པའི་ལྟ་སྟངས་འཛིན་མི་རུང་ཞིང་། ཀྲུང་གོ་ནི་གནའ་སྔ་མོ་ནས་བཟུང་མི་རིགས་མང་བའི་རྒྱལ་ཁབ་གཅིག་ཡིན་པ་དང་། མི་རིགས་ཁག་གིས་ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་བརྩམས་ཡོད་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་ངོ་བོ་ནི་མི་རིགས་ཁག་དབར་བར་ཐག་ཇེ་ཉེར་འགྲོ་བ་དང་སྙིང་དེ་བས་ཉེ་རུ་འགྲོ་ཆེད་ཡིན་པ་རེད་ཅེས་བཤད།    
         པེར་ལིན་དུ་འཚམས་འདྲི་མཇུག་འགྲིལ་རྗེས། སྤེལ་རེས་ཚོགས་པ་ད་དུང་འཇར་མན་གྱི་ཧན་པོའོ་དང་། ཧོ་ལན། ལ་ཐའོ་ཝེ་ཡ་བཅས་ལ་འཚམས་འདྲི་དང་སྤེལ་རེས་བྱ་རྒྱུ་ཡིན་པ་རེད། 
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།