འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྟེན་རྫས་
    བཤམས་མཛོད་ཁང་བསྐྲུན་ཟིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་24ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལོ་གཉིས་ཙམ་འཛུགས་སྐྲུན་བྱས་པ་བརྒྱུད་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.2བཏང་བའི་བོད་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་གི་རྟེན་རྫས་བཤམས་མཛོད་ཁང་ཉེ་ཆར་བསྐྲུན་ཟིན་པ་རེད། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྟེན་རྫས་བཤམས་མཛོད་ཁང་དེ་སྔོན་དཔག་བྱས་ན་འདི་ལོའི་ལོ་སྨད་དུ་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་རྒྱུ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། རྟེན་རྫས་བཤམས་མཛོད་ཁང་དེ་ལྷ་ས་སྐྱིད་ཆུའི་ལྷོ་ངོགས་ཀྱི་བུམ་པ་རིར་གནས་ཤིང་། ས་བབ་མཐོ་ཚད་སྨི་3750ཟིན་པ་དང་ས་ཆ་བཟུང་ཚད་སྨི་ངོས་གྲུ་ཁྲི་4ཟིན་ཡོད། སྐྲུན་དངོས་གཙོ་བོ་ཐོག་བརྩེགས་ལྔ་ཡིན་པ་དང་རྒྱ་ཁྱོན་སྨི་ངོས་གྲུ་8000ཙམ་ཟིན་ཡོད། བཟོ་སྐྲུན་གྱི་བཀོད་པ་ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་གི་བཟོ་སྐྲུན་གཞིར་བཟུང་ཁ་མདོག་དཀར་པོ་གཙོ་བོར་བྱས་པ་དང་ཁམ་མདོག་ཕལ་པར་བྱས་པའི་སྲོལ་རྒྱུན་གྱི་བོད་བཟོའི་བཀོད་པ་དང་དེང་རབས་ཀྱི་ཁྱད་ཆོས་གཉིས་ཀ་ལྡན་ཡོད་པ་རེད། རྟེན་རྫས་བཤམས་མཛོད་ཁང་གི་སྐྲུན་དངོས་གཙོ་བོ་དེ་ཕོ་བྲང་པོ་ཏ་ལའི་ཕོ་བྲང་དཀར་པོའི་བཟོ་སྐྲུན་གྱི་ཁྱད་ཆོས་དང་འཚམ་པ་དང་། དཀྱིལ་གྱི་བཟོ་སྐྲུན་དེར་གཙུག་ལག་ཁང་གི་སྒོ་ར་དང་འདྲ་བའི་ཆ་ཡོད་པ། ཕྱི་ངོས་ཀྱི་རྡོ་རྩིག་དེར་བོད་བཟོའི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་གྱི་ལག་རྩལ་སྤྱད་ཡོད་པ་རེད།
         བོད་ལྗོངས་སུ་ཕུན་སུམ་ཚོགས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་མང་པོ་ཡོད་པའི་ནང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་89དང་། རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་323 གྲོང་ཁྱེར་དང་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་1851བཅས་ཡོད། འཆར་འགོད་གཞིར་བཟུང་རྟེན་རྫས་བཤམས་མཛོད་ཁང་གིས་གླིང་སྒྲུང་དང་། ལྷ་མོ། ཐང་ག་སོགས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་འགྲེམས་སྟོན་དངོས་པོ་བརྒྱ་ཙམ་བསྡུ་རུབ་བྱ་རྒྱུ་མ་ཟད། ད་དུང་ས་གནས་ས་ཐོག་ཏུ་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་བཟོ་རྩལ་ཁག་གཅིག་འགྲེམས་སྟོན་བྱ་རྒྱུ་རེད། མངོན་མིན་རིག་གནས་ཤུལ་བཞག་རྟེན་རྫས་བཤམས་མཛོད་ཁང་བསྐྲུན་རྗེས་གྲོང་མི་དང་ཡུལ་སྐོར་བར་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རིག་གནས་ལ་གཅིག་སྡུད་ཐོག་ལྟ་སྐོར་དང་ཉེ་བཅར་བྱེད་པའི་ལས་སྟེགས་ཤིག་མཁོ་འདོན་བྱ་རྒྱུ་རེད།
         “ཁང་གཅིག་ལ་སྒོ་ར་གཅིག”གི་འཆར་འགོད་གཞིར་བཟུང་། བོད་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་རྟེན་རྫས་བཤམས་མཛོད་ཁང་གི་སྐྱེད་ཚལ་འཛུགས་སྐྲུན་ལ་ཁྱད་ཆོས་ལྡན་ཞིང་སྐྱེད་ཚལ་གྱི་སྔོ་ལྗང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་2.5ཟིན་པ་དེས་རྟེན་རྫས་བཤམས་མཛོད་ཁང་གི་རྒྱ་ཁྱོན་གྱི་ཕྱེད་ཀ་བཟུང་ཡོད། མི་རྣམས་ཀྱིས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྣ་ཚོགས་ལ་ལྟ་སྐོར་བྱེད་ཐུབ་པ་མ་ཟད། ད་དུང་ཡོ་འབོག་དང་རྒྱ་ལྕང་སོགས་ལྗོན་ཤིང་གི་རིགས་སྟོང་ཕྲག་ལ་བལྟ་ཐུབ་རྒྱུ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།