འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གིས་གནད་སྨིན་དབུལ་སྐྱོར་བྱེད་སྟངས་གསར་པ་གྲོང་གསེབ་ཏུ་
    སྤྱད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་24ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ད་ཕན་ལོ་ཤས་རིང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་གིས“ཀྲི་པུའུ+ཁེ་ལས+དུད་ཚང་དབུལ་པོ”བཅས་ཀྱི་གནད་སྨིན་དབུལ་སྐྱོར་བྱེད་སྟངས་ཧུར་ཐག་སྤྱད་ནས་ས་གྲུ་བཞི་ཤང་ཁ་སྒང་གོང་མ་གྲོང་ཚོར“གནད་སྨིན་དབུལ་སྐྱོར”དང་གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་ཟུང་འབྲེལ་དམ་ཟབ་བྱེད་པའི་ལས་དོན་སྤེལ་སྟངས་སྔོན་ལ་ལག་ལེན་བསྟར་བ་དང་། བྱེ་ཐང་ཁྲོད་སྤང་ལྗོངས་ཡོད་པའི་སྣོད་བཅུད་ཡུལ་སྐོར་གྲོང་གསེབ་གཏོད་པ། གྲོང་ཚོ་རིམ་པའི་དཔལ་འབྱོར་སྟོབས་ཤུགས་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་པས་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་དང་ཞིང་འབྲོག་པའི་འབབ་འཕར་གྱི་ལམ་བུ་སྔར་བས་རྒྱ་ཆེར་ཕྱིན་ཡོད།
         གསེར་ཆེན་རྫོང་གིས་ཀྲི་པུས་འགན་ཁུར་ནས་བསམ་ཕྱོགས་དོན་གཉེར་བྱེད་པ་དང་། ཁེ་ལས་ཀྱིས་མ་དངུལ་བཏང་ནས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་འགྲོ་རྒྱུའི་ཡིད་དབང་བཀུག་སྟེ་དུད་ཚང་དབུལ་པོ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱེད་པའི“ཀྲི་པུའུ+ཁེ་ལས+དུད་ཚང་དབུལ་པོ”བཅས་ཀྱི་གནད་སྨིན་དབུལ་སྐྱོར་བྱེད་སྟངས་བཏོན་ཡོད་པ་རེད། ས་གྲུ་བཞི་ཤང་གི་ཏང་ཀྲི་པུས་མཚོ་སྔོན་དཔྱིད་ཚུགས་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སི་དང་འབྲེལ་གཏུག་མཐུན་སྦྱོར་བྱས་ནས་ཁ་སྒང་གོང་མ་གྲོང་ཚོར་མ་དངུལ་བཏང་སྟེ་ལུག་མིག་མེ་ཏོག་འདེབས་འཛུགས་རྟེན་གཞི་བཙུགས་ནས་གྲོང་ཚོ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཐོན་ལས་ཅན་གྱི་འཁོར་འབྲེལ་ནང་བཅུག་པ་དང་། ས་ཞིང་བརྒྱུད་བཤུག་ལ་བརྟེན་ནས་ཁ་སྒང་གོང་མ་གྲོང་ཚོའི་གྲོང་མིས་ཐོན་ལས་རོགས་སྐྱོར་གྱི་མ་དངུལ་མཚོ་སྔོན་དཔྱིད་ཚུགས་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སིར་བཏང་བ་དང་མ་རྐང་ནང་ཞུགས་མཁན་གྲོང་མིར་ལོ་ལྟར་ཁེ་སྤོགས་རག་གི་ཡོད།
         འདི་ལོ་གསེར་ཆེན་རྫོང་གིས་ས་གྲུ་བཞི་ཤང་ཁ་སྒང་གོང་མ་གྲོང་ཚོ་སྣེ་འདྲེན་དུ་བྱས་ཏེ་དུད་ཚང་དབུལ་པོ་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ནང་ཞུགས་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་པ་དང་ཡུལ་སྐོར་རྩེད་མོ་དང་། བཟའ་སྡོད། ལྟ་སྐོར་སོགས་ཡུལ་སྐོར་ཐོན་ལས་འཁོར་འབྲེལ་ཁྲོད་རྫོང་ཡོངས་ཀྱི་མང་ཚོགས་དབུལ་པོས་ནུས་པ་འདོན་རྒྱུར་སྐུལ་ཁྲིད་ཧུར་ཐག་བྱས་ཏེ་མང་ཚོགས་ཚོར་ཕན་པ་དངོས་ཐོབ་པ་བྱ་རྒྱུ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།