འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས“གོང་ཁེ་སྟབས་བདེའི་མཁའ་འགྲུལ”བྱ་ཐབས་བཏོན་པས་དམངས་ལ་
    ཕན་པ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་24ཉིན། 09:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཟླ་3ཚེས་25ཉིན་རྒྱལ་ཡོངས་དམངས་སྤྱོད་མཁའ་འགྲུལ་གྱི་དུས་ཚིགས་བསྒྱུར་བ་ནས་བཟུང་། མཚོ་སྔོན་གྱི“སྟབས་བདེ་གོང་ཁེའི་མཁའ་འགྲུལ”གྱི་བྱ་ཐབས་དེ་ཉིད་རྒྱལ་ཁབ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་གཞི་རྩའི་མཁའ་འགྲུལ་ཞབས་ཞུའི་འཆར་གཞི་སྔོན་ལ་ཚོད་ལྟ་ལག་ལེན་བསྟར་བའི་བྱ་ཐབས་སུ་རིམ་སྤོར་བྱས་ཡོད། མིག་སྔར་གཏེར་ལེན་ཁ་དང་། ཧྭ་ཐུའུ་ཀུའོ། མགོ་ལོག་བཅས་ཚོད་ལྟའི་གནམ་ཐང་གསུམ་ནས་ཟི་ལིང་བར་གྱི་དུས་གཏན་གནམ་གྲུ་གཟའ་འཁོར་རེར་ཁྱོན་ཐེངས་གྲངས་31ཡོད་པ་དེ་ན་ནིང་གི་དུས་མཚུངས་ལས་120%མང་དུ་ཕྱིན་ཡོད་པ་དང་། ཚོད་ལྟའི་མཁའ་ལམ་ཐོག་གི་གནམ་གྲུའི་ནང་ཆ་སྙོམས་འགྲུལ་པ་བཞུགས་ཚད་80%ཟིན་ཡོད་པ་རེད།
         མཁའ་འགྲུལ་དུས་ཚིགས་གསར་པ་ལག་ལེན་བསྟར་བའི་གཏེར་ལེན་ཁ་དང་། ཧྭ་ཐུའུ་ཀུའོ། མགོ་ལོག་བཅས་ཡན་ལག་གནམ་ཐང་3ནས་ཞིང་ཆེན་གྱི་ལྟེ་གནས་ཟི་ལིང་བར་གྱི་དུས་གཏན་གནམ་གྲུ་ཧ་ཅང་མང་དུ་ཕྱིན་པའི་ཁྲོད། ཟི་ལིང་ནས་གཏེར་ལེན་ཁ་བར་གཟའ་འཁོར་རེར་དུས་གཏན་གནམ་གྲུ་ཐེངས་7ནས་གཟའ་འཁོར་རེར་ཐེངས་13བར་མང་དུ་བཏང་བ་དང་། ཟི་ལིང་ནས་མགོ་ལོག་བར་ཉིན་རེར་དུས་གཏན་གནམ་གྲུ་ཐེངས་1ནས་ཉིན་རེར་ཐེངས་2བར་མང་དུ་བཏང་བ། ཧྭ་ཐུའུ་ཀུའོ་ལ་གཟའ་འཁོར་རེར་དུས་གཏན་གནམ་གྲུ་ཐེངས་4ནས་གཟའ་འཁོར་རེར་ཐེངས་8བར་མང་དུ་བཏང་བ་མ་ཟད། ཏུན་ཧོང་དང་ཤིས་ཨན་འབྲེལ་མཐུད་རྒྱུན་འཁྱོངས་བྱས་པའི་རྨང་གཞིའི་ཐོག་ཟི་ལིང་དང་ཐད་ཀར་འབྲེལ་མཐུད་མངོན་འགྱུར་བྱུང་ཡོད་པ་རེད།
         མཚོ་སྔོན་གྱི“སྟབས་བདེ་གོང་ཁེའི”བྱ་ཐབས་ཐོག་མར་ལག་ལེན་བསྟར་བའི་ས་ཁུལ་ཡིན་པའི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་དེ་ཉིད་ཞིང་ཆེན་ཡོངས་ནས་ཡན་ལག་མཁའ་ལམ་གྱི་གནམ་ཐང་མང་ཤོས་ཀྱི་ས་ཁུལ་ཞིག་ཡིན་པ་རེད། ཀྲོའུ་དེར་ད་ཆ་གོར་མོ་དང་། གཏེར་ལེན་ཁ། ཧྭ་ཐུའུ་ཀུའོ་བཅས་ཡན་ལག་གནམ་ཐང་3ཡོད་པ་དང་། “སྟབས་བདེ་གོང་ཁེའི”བྱ་ཐབས་ལག་ལེན་བསྟར་བ་ནས་ད་བར་གཏེར་ལེན་ཁ་དང་ཧྭ་ཐུའུ་ཀུའོ་གནམ་ཐང་གཉེར་སྐྱོང་བརྟན་པོ་བྱུང་བ་དང་། གཏེར་ལེན་ཁ་གནམ་ཐང་དུ་གནམ་གྲུ་འཕུར་འབབ་དང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ལོར་ཆ་སྙོམས་79.5%དང་107.2%སོ་སོར་འཕར་ནས་དམངས་ཕན་གྱི་བྱ་ཐབས་རྩེ་གྲ་ཞིག་ཏུ་གྱུར་ཡོད་པ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།