འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་ཚུལ་དང་མི་མཐུན་པའི་འགྲན་རྩོད་ལ་ངོ་རྒོལ་བྱེད་
    པའི་ཁྲིམས་བསྟར་གྱི་གཙོ་གནད་བཏོན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་23ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པར་རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་ལྔ་པ་ནས་བཅུ་པའི་བར། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་རྒྱལ་ཡོངས་ཁྱབ་ཁོངས་སུ་ཚུལ་དང་མི་མཐུན་པའི་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་ཁྲིམས་བསྟར་གྱི་གཙོ་གནད་བྱ་སྤྱོད་སྤེལ་ནས། དྲ་ཐོག་ཚོང་དོན་དང་། གྲོང་གསེབ་ཁྲོམ་ར། སྨན་བཅོས། སློབ་གསོ་སོགས་ལས་རིགས་དང་ཁྱབ་ཁོངས་ལ་དམིགས་ཏེ། སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་ཁྲོམ་རའི་སྒྲིག་ལམ་དཀྲུག་པ་དང་། ཚོང་ལས་ལྐོག་རྔན། དྲིལ་བསྒྲགས་རྫུས་མ་བཅས་དང་། དེ་བཞིན་དྲ་ཐོག་གི་ཚུལ་དང་མི་མཐུན་པའི་འགྲན་རྩོད་སོགས་ཀྱི་གནད་དོན་མངོན་གསལ་དོད་རིགས་གཅིག་སྡུད་བཅོས་སྒྲིག་བྱས་ནས། དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་ཧུར་ཐག་བྱས་ཏེ་ཚོང་གཉེར་བ་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྦྱོང་བྱ་རྒྱུ་ཡིན་པ་རེད།
         ཁྲོམ་རའི་སྒྲིག་ལམ་དཀྲུག་པ་དང་ཚོང་ལས་ཀྱི་གསང་བརྟོལ་སོགས་ཤེས་བྱའི་བདག་དབང་ལ་གནོད་པའི་ཚུལ་དང་མི་མཐུན་པའི་འགྲན་རྩོད་བྱེད་སྤྱོད་རྩད་ཞིབ་ཐག་གཅོད་བྱས་ནས་ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་པའི་ཐད། ལས་རིགས་ཀྱི་སྣེ་ཁྲིད་ཁེ་ལས་དང་། ཚོང་རྟགས་སྐད་གྲགས་ཅན། ཤུགས་རྐྱེན་ལྡན་པའི་ཚོང་ཁང་། ཚན་རྩལ་མང་འདུས་ཀྱི་ཁེ་ལས་བཅས་ཀྱི་ཚོང་ལས་གསང་བ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་དང་། གྲོང་གསེབ་ཀྱི་ཁྲོམ་ར་དང་གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མཚམས་སོགས་ཀྱི་ཁྲོམ་རའི་སྒྲིག་ལམ་དཀྲུག་པ་དང་དྲིལ་བསྒྲགས་རྫུས་མ་སོགས་ཀྱི་བྱེད་སྤྱོད་ལ་བསྡིགས་ནས། ཉེར་མཁོ་དང་། བརྒྱ་ཟོག ཨ་རག་བཅས་ལ་གཙོ་གནད་རྩད་ཞིབ་ཐག་གཅོད་བྱ་རྒྱུ་ཡིན་པ། ཤུགས་རྐྱེན་ངེས་ཅན་ལྡན་པའི་གཞན་གྱི་ཚོང་རྟགས་ཀྱི་མིང་དང་། ཐུམ་སྒྲིལ། མཛེས་བཟོ་སོགས་དང་མཚུངས་པའམ་ཡང་ན་ཆ་འདྲ་བའི་མཚོན་རྟགས་རང་དགར་སྤྱོད་པའི་བྱེད་སྤྱོད་དང་། ཤུགས་རྐྱེན་ངེས་ཅན་ལྡན་པའི་གཞན་གྱི་ཁེ་ལས་ཀྱི་མིང(བསྡུས་མིང་སོགས)རང་དགར་སྤྱོད་པའི་བྱེད་སྤྱོད། གཞན་གྱི་ཐོ་བཀོད་ཚོང་རྟགས་རང་གི་ཁེ་ལས་ཀྱི་མིང་དུ་སྤྱད་དེ་མང་ཚོགས་ལ་མགོ་སྐོར་བཏང་སྟེ་ཚུལ་དང་མི་མཐུན་པའི་འགྲན་རྩོད་བྱེད་པའི་བྱེད་སྤྱོད་བཅས་གཙོ་གནད་བཅོས་སྒྲིག་བྱ་རྒྱུ་ཡིན་པ་རེད།
         སྨན་བཅོས་དང་སློབ་གསོ་ཁྱབ་ཁོངས་ཀྱི་ཚོང་ལས་ལྐོག་རྔན་བྱེད་སྤྱོད་རྩད་ཞིབ་ཐག་གཅོད་བྱས་ཏེ་ཁྲོམ་རའི་ཁོར་ཡུག་ལེགས་སུ་གཏོང་བའི་ཐད། རྩད་ཞིབ་ཐག་གཅོད་བྱ་ཡུལ་གཙོ་བོ་ནི་སྨན་རྫས(སྨན་བཅོས་ཡོ་བྱད)ཉོ་ཚོང་དང་། སློབ་གསོ། སྤྱི་སྤྱོད་ཁེ་ལས་བྱ་གཞག་ཚན་པ་སོགས་ཁྱབ་རྒྱ་ཆེ་ཞིང་དམངས་འཚོ་དང་འབྲེལ་བ་དམ་ཟབ་ཡོད་པའི་ལས་རིགས་དང་ཁྱབ་ཁོངས་ཡིན་ཞིང་། རྒྱུ་ནོར་དང་ཡང་ན་བྱེད་ཐབས་གཞན་དག་སྤྱད་དེ་ཉོ་ཚོང་ཕྱོགས་གཅིག་ལ་ལྐོག་རྔན་སྤྲོད་མཁན་ལས་དོན་མི་སྣ་དང་། ཉོ་ཚོང་ཕྱོགས་གཅིག་གི་འབྲེལ་ཡོད་ལས་དོན་ཚབ་སྒྲུབ་བྱེད་མཁན་ཚན་པ་དང་མི་སྒེར། འགན་དབང་ངམ་ཤུགས་རྐྱེན་ཐེབས་ཤུགས་སྤྱད་དེ་ཉོ་ཚོང་ལ་ཇུས་གཏོགས་བྱེད་མཁན་ཚན་པ་དང་མི་སྒེར་སོགས་ཀྱིས་ཉོ་ཚོང་གོ་སྐབས་དང་ཡང་ན་འགྲན་རྩོད་ལེགས་ཆ་གཡོ་ལེན་བྱེད་པའི་བྱེད་སྤྱོད་གཙོ་གནད་རྩད་ཞིབ་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།
         དྲ་སྦྲེལ་ཁྱབ་ཁོངས་ཀྱི་དྲིལ་བསྒྲགས་རྫུས་མ་སྤེལ་བའི་བྱེད་སྤྱོད་རྩད་ཞིབ་ཐག་གཅོད་བྱས་ནས་དྲང་གཞག་གི་འགྲན་རྩོད་སྒྲིག་ལམ་སྲུང་སྐྱོང་བྱེད་པའི་ཐད། དྲ་སྦྲེལ་ཁྱབ་ཁོངས་ཀྱི་ཚོང་རྫས་དང་ཡང་ན་ཚོང་གཉེར་པའི་གཟི་བརྗིད་མཚན་སྙན་རྫུན་བཟོ་དང་། ཐད་ཚོང་ཁྱབ་ཁོངས་ཀྱི་དྲིལ་བསྒྲགས་རྫུས་མ་བྱེད་པའི་བྱེད་སྤྱོད། བདེ་སྲུང་ཐོན་རྫས་ཁྱབ་ཁོངས་ཀྱི་དྲིལ་བསྒྲགས་རྫུས་མ་བྱེད་པའི་བྱེད་སྤྱོད་བཅས་གཙོ་གནད་རྩད་ཞིབ་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།