འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་གནམ་གཤིས་ཚན་རྩལ་འཕེལ་རྒྱས་ལ་ཚད་བརྒལ་གསར་པ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་23ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་20ཉིན། པེ་ཅིང་དུ་གནམ་གཤིས་ཚན་རྩལ་གྲུབ་འབྲས་འགྲེམས་སྟོན་བྱས་པ་རེད། གནམ་གཤིས་ཚན་རྩལ་གྲུབ་འབྲས་འགྲེམས་སྟོན་ནི་2018ལོའི་གནམ་གཤིས་ཚན་རྩལ་བྱེད་སྒོའི་གཟའ་འཁོར་གྱི་ནང་དོན་གལ་ཆེན་ཞིག་རེད། གྲུབ་འབྲས་འགྲེམས་སྟོན་དེས་ལྟ་ཞིབ་ཚད་ལེན་དང་། སྔོན་བརྡ། ཞབས་ཞུ་སོགས་ཆེད་དོན་10བརྒྱུད་གནམ་གཤིས་བརྡ་རྟགས་བསྡུ་ལེན་བྱེད་པ་དང་། གནམ་གཤིས་ཆ་འཕྲིན་གསལ་འགྲེལ་དབྱེ་ཞིབ་བྱེད་པ། གནམ་གཤིས་སྔོན་བརྡའི་ཐོན་རྫས་འཕེལ་རྒྱས་གཏོང་བ་སོགས་ཐད་ཀྱི་རང་རྒྱལ་གྱི་བྱེད་ཐབས་དང་། ནུས་པ། ཕན་འབྲས་བཅས་ཟུར་ཚད་མང་པོའི་ཐོག་ནས་བསྟན་ཡོད་པ་རེད།
         ཀྲུང་གོ་གནམ་གཤིས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡུས་རུའུ་ཚུང་གིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40དང་ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱི་གནམ་གཤིས་ཚན་རྩལ་གསར་གཏོད་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་ཚད་བརྒལ་གསར་པ་བྱུང་བ་དང་། གནམ་གཤིས་སྲུང་སྐར་དང་ལེ་ཏ་སོགས་ཀྱི་ལྟ་ཞིབ་ཚད་ལེན་ནུས་པ་འཛམ་གླིང་གི་མདུན་གྲས་སུ་སླེབས་པ། གྲངས་ཐང་གནམ་གཤིས་སྔོན་བརྡ་འཕེལ་རྒྱས་བྱུང་བ། གནམ་གཤིས་གནོད་འཚེའི་ལྟ་ཞིབ་ཚད་ལེན་སྔོན་བརྡ་གཏོང་ཤུགས་དང་གནམ་གཤིས་ཞབས་ཞུའི་ནུས་པ་ཆེས་ཆེ་རུ་ཕྱིན་པ། གནམ་གཤིས་བྱ་གཞག་འཕེལ་རྒྱས་ཆེན་པོ་བྱུང་ནས་རང་རྒྱལ་གནམ་གཤིས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད་ཅེས་བཤད་པ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།