འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་ཁྱབ་ཚད་བཅུ་ཆ་གསུམ་ལྷག་ཙམ་
    ཟིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་23ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་21ཉིན་གསར་འགོད་པར་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། བོད་དུ་ཁྱིམ་ཚང་སྨན་པའི་ཚོགས་པ་3789བཙུགས་པར་མི་ཐེངས་ཁྲི་107གྱིས་གན་རྒྱ་བཞག་པ་དང་གན་འཇོག་ཁྱབ་ཚད་34.51%ཟིན་ཞིང་། རྒན་རྒོན་དང་གཅོང་ནད་ཕོག་པའི་ནད་པ་སོགས་གཙོ་གནད་མི་ཚོགས་ཀྱིས་གན་རྒྱ་འཇོག་ཚད་62.87%ཟིན་གྱི་ཡོད་པ་རེད།
         ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་ནི་ཁྱིམ་ཚང་སྨན་པ་གཙོ་བོར་བྱེད་པ་དང་ཁྱིམ་ཚང་སྨན་པའི་ཞབས་ཞུའི་ཚོགས་པས་འདེགས་སྐྱོར་དུ་བྱས་ཏེ་གན་རྒྱ་འཇོག་པའི་བྱ་ཐབས་བརྒྱུད་མཁོ་ཆོད་སྨན་པས་གན་རྒྱ་འཇོག་མཁན་ཁྱིམ་ཚང་དང་ཡུན་རིང་གི་ཞབས་ཞུའི་འབྲེལ་བ་བརྟན་པོ་ཞིག་བཙུགས་ཏེ་གན་རྒྱ་འཇོག་མཁན་ཁྱིམ་ཚང་དང་མི་སྒེར་ལ་བདེ་འཇགས་དང་། སྟབས་བདེ། གོ་ཆོད། ཟམ་མི་ཆད་པ། འགྲོ་སོང་ཆུང་བ་བཅས་ཀྱི་གཞི་རྩའི་སྨན་བཅོས་དང་། སྤྱི་པའི་འཕྲོད་བསྟེན། བདེ་ཐང་དོ་དམ་གྱི་ཁ་དན་ཞབས་ཞུ་བཅས་བྱེད་པ་ཞིག་རེད།
         ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་སྡེ་ཁུལ་གྱི་རྒན་མོ་སྒྲོལ་དཀར་ལ་གྲུམ་བུའི་ནད་ཡོད་པས་ན་ཚ་ལངས་སྐབས་འགྲོ་སྐྱོད་ཁག་པོ་ཡོད། ཁོང་གིས“དེ་སྔ་ནད་ལངས་སྐབས་རྟག་པར་ནང་མིས་ང་སྨན་ཁང་དུ་སྐྱེལ་དགོས་ཀྱི་ཡོད། ད་ཆ་ཁ་པར་རྒྱག་ཐེངས་གཅིག་ལ་ཁྱིམ་ཚང་སྨན་པ་ཁྱིམ་དུ་ཡོང་ནས་ཁྲག་ཤེད་ལྟ་བ་དང་སྨན་ཆུ་བླུག་གི་ཡོད་པས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་བཤད།
         བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཝང་ཧྲོའུ་པིས་བོད་ཀྱིས་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་དམ་འཛིན་བྱ་གཞིར་བྱས་ཏེ་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་གྱི་གསར་གཏོད་དོ་དམ་དང་ཞབས་ཞུར་སྐུལ་འདེད་གཏིང་ཟབ་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་མང་ཚོགས་དང་དེ་བཞིན་ཞིང་འབྲོག་མང་ཚོགས་ཚོར་དེ་བས་བདེ་འཇགས་དང་། གོ་ཆོད། སྟབས་བདེ་བཅས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ཐག་ཉེ་སར་ལོངས་སྤྱོད་ཐུབ་པ་བྱ་རྒྱུ་རེད་ཅེས་བཤད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།