འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་པུའུ་ཨུད་བརྒྱད་ཀྱིས“དྲུག་གཅིག”
    རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་མཉམ་འབྲེལ་བརྡ་ཐོ་བཀྲམ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་23ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་། ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། སློབ་གསོ་པུའུ། དམངས་སྲིད་པུའུ། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་སོགས་སྡེ་ཚན་བརྒྱད་ཀྱིས་མཉམ་དུ་《2018ལོའི“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་རྒྱུའི་སྐོར་གྱི་མཉམ་འབྲེལ་བརྡ་ཐོ་》བཀྲམ་ནས་འདི་ལོའི“དྲུག་གཅིག”བྱེད་སྒོ་བཀོད་སྒྲིག་ཞིབ་ཕྲ་བྱས་པ་དང་འབྲེལ་ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་ཏན་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་བཏོན་པའི་མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྕི་པོ་ཁུར་ཕོད་མཁན་གྱི་དུས་རབས་ཀྱི་མི་རབས་གསར་པ་གསོ་སྐྱོང་བྱེད་དགོས་པའི་དགོངས་དོན་ལག་བསྟར་དོན་འཁྱོལ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱ་རྒྱུ་དེ་བྱིས་པ་ནས་དམ་འཛིན་བྱེད་དགོས་པའི་བླང་བྱ་ལག་བསྟར་དོན་འཁྱོལ། ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་འདི་ལོའི“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྒྲིག་འཛུགས་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         《བརྡ་ཐོའི་》ནང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ནས་ན་སོ་དར་ལ་མ་བབས་པའི་མིར“མི་ཚེའི་སྒྲོག་གུ་དང་པོ”དེ་རྒྱག་རོགས་བྱེད་དགོས་པ་དང་། བྱེད་ཐབས་སྣ་ཚོགས་ཀྱི་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས་སྤྱོད་སྐྱོང་མི་གསོའི་རྩ་བའི་ལས་འགན་ལ་དམིགས་པ་དང་ལོ་ཆུང་བྱིས་པ་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ“མི་ཚང་མས་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་བྱེད་པ་དང་། དུས་རབས་ཀྱི་མི་གསར་པ་ཞིག་བརྩོན་ལེན་བྱེད་པའི”གསོན་ཉམས་དོད་པའི་རྣམ་པ་ཞིག་ཆགས་པ་བྱེད་དགོས་པ། བྱིས་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བའི་སྤྱི་ཚོགས་ཀྱི་རིག་གནས་ཁོར་ཡུག་བཟང་སྒྲིག་བྱས་ཏེ་ལོ་ཆུང་བྱིས་པའི་སེམས་ཁམས་བདེ་ཐང་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་ཡུན་རིང་འཕེལ་རྒྱས་སྲུང་སྐྱོང་བྱ་རྒྱུར་དམིགས་ཏེ་རོལ་རྩེད་དང་། རྩོམ་རིག ཐད་གཏོང་། བརྙན་ལམ་སོགས་ཀྱིས་མཚོན་པའི་དྲ་རྒྱའི་བསམ་པའི་བརྩམས་ཆོས་ཀྱིས་ལོ་ཆུང་བྱིས་པར་ཐེབས་པའི་ཤུགས་རྐྱེན་ལ་ལྟ་སྐུལ་དོ་དམ་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ་ལོ་ཆུང་བྱིས་པ་ཚོས་ཕུལ་བྱུང་གི་བརྩམས་ཆོས་བལྟ་ཀློག་དང་ཡ་རབས་ངང་དྲ་འཇུག་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས་པ། བྱིས་པ་ཚོར་བྱ་བཟང་དང་དོན་དངོས་མང་ཙམ་བསྒྲུབས་པ་དང་ལོ་ཆུང་བྱིས་པའི་དགོས་མཁོ་མི་འདྲ་བ་དང་ལོ་ཚད་ཀྱི་ཁྱད་ཆོས་དང་བསྟུན་ནས་ཁོང་ཚོའི་སློབ་སྦྱོང་དང་འཚར་ལོངས་ཆེད་ཆ་རྐྱེན་བསྐྲུན་ཏེ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཟབ་མོ་ལོ་ཆུང་བྱིས་པ་ཚོས་ཚོར་ཐུབ་པ་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་ཡོད།
         འབྲེལ་ཡོད་སྡེ་ཚན་ཁག་གིས་བརྗོད་དོན་གཙོ་བོ་མངོན་པ་དང་ནང་དོན་ཕུན་སུམ་ཚོགས་པའི་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་དང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“དཔེ་དེབ་ཀྱི་དྲི་ཞིམ་ཁྱིམ་ཚང་ཀུན་ཏུ་ཁྱབ”ཅེས་པའི་རྒྱལ་ཡོངས་ཀྱི་ཁྱིམ་ཚང་ཀུན་གྱི་དཔེ་ཀློག་བྱེད་སྒོ་རབ་དང་རིམ་པ་མུ་མཐུད་གཏིང་ཟབ་སྤེལ་རྒྱུ། ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་དང་། སློབ་གསོ་པུའུ། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་གྱིས“དུས་རབས་གསར་པའི་ལོ་ཆུང་བཟང་པོ”ཞེས་པའི་སྔོན་ཐོན་བྱས་རྗེས་ཁག་གཅིག་དྲིལ་བསྒྲགས་བྱ་རྒྱུ། རྒྱལ་ཡོངས་ལོ་ཆུང་གདོང་ལེན་རུ་ཁག་ལས་དོན་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་ཀྱི་གདོང་ལེན་རུ་མི་དང་སློབ་གྲྭ་འབྲིང་ཆུང་གི་གདོང་ལེན་རུ་ཁག་ནང“དུས་རབས་གསར་པའི་རུ་མི་བཟང་པོ་བརྩོན་ལེན་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ། སློབ་གསོ་པུས་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་ནང“ལོ་ཆུང་ཚོས་ཀྲུང་ཧྭའི་སྲོལ་རྒྱུན་སྤྱོད་བཟང་རྒྱུན་འཛིན་བྱེད”ཅེས་པའི་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་མུ་མཐུད་སྤེལ་རྒྱུ། དམངས་སྲིད་པུས་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པར་དགའ་གཅེས་དང་སྲུང་སྐྱོང་བྱེད་པའི་སྲིད་ཇུས་སྐོར་སྐྱོད་སྒྲོག་འགྲེལ་ཐེངས་བརྒྱ་བྱ་རྒྱུ་བཅས་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།