འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་དམིགས་བསལ་སློབ་གྲྭའི་ནང་གི་དམིགས་བསལ་དགེ་རྒན། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་21ཉིན། 14:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་ཀྱི་དམིགས་བསལ་སློབ་གྲྭའི་ནང་གི་དམིགས་བསལ་དགེ་རྒན།
         མི་དམངས་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭ་ནི་2000ལོརབཙུགས་པ་དང་། དེ་ནི་བོད་ལྗོངས་ཀྱི་དམིགས་བསལ་བྱིས་པར་གཞིགས་ནས་བཙུགས་པའི་སློབ་གསོའི་སྒྲིག་གཞི་ཐོག་མ་དེ་ཡིན་པ་རེད། སློབ་གྲྭར་ལོ་དགུའི་འོས་འགན་སློབ་གསོ་དང་ལས་རིགས་སློབ་འབྲིང་མཉམ་འདྲེས་བྱས་ཡོད་པ་དང་། མིག་སྔར་ཁྱོན་ལོང་བའི་འཛིན་གྲྭ་དང་འོན་ལྐུག་འཛིན་གྲྭ ཤེས་སྐྱོང་འཛིན་གྲྭ དེ་བཞིན་ཐང་ག ཞལ་ཏོག རྫ་བཟོ་སོགས་ཀྱི་ལས་རིགས་རྩལ་ནུས་ཆེད་ལས་སློབ་འབྲིང་གི་སློབ་ཚན་བཀོད་སྒྲིག་བྱས་ཡོད་པ་དང་། དེ་ནི་ཕྱོགས་བསྡུས་རང་བཞིན་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་ཞིག་ཡིན་པ་རེད། 
         ད་ལོར་ལོ་26སླེབས་པའི་ལྷ་མོ་ཚེ་རིང་ནི་ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭའི་དགེ་རྒན་ཞིག་ཡིན་ལ། སློབ་གྲྭའི་ནང་གི་རྒན་ཤོས་དེའང་རེད།
         ཆུང་དུས་ནས་རིགས་སྟོབས་ཉམས་པའི་ལྷ་མོ་ཚེ་རིང་ནི་འདི་གར་སློབ་ཆུང་དང་སློབ་འབྲིང་འགྲིམས་ནས་སློབ་གྲྭའི་སློབ་ཐོན་སློབ་མ་ཁག་དང་པོར་གྱུར་པ་རེད། 2009ལོར། ལྷ་མོ་ཚེ་རིང་ཁྲང་ཀྲོའུ་གྲོང་ཁྱེར་གྱི་འོན་པའི་སློབ་གྲྭས་བསྡུས་པ་རེད། ལོ་གསུམ་གྱི་རྗེས་སུ། ནན་ཅིན་དམིགས་བསལ་སློབ་གསོའི་དགེ་འོས་སློབ་གླིང་དུ་ཡིག་རྒྱུགས་འཕྲོད་པ་རེད།
         སློབ་ཆེན་ཐོན་རྗེས་། ལྷ་མོ་ཚེ་རིང་གྱིས་མ་ཡུམ་སློབ་གྲྭར་ལོག་ནས། "དམིགས་བསལ"སློབ་གྲྭའི་ནང་གྱི"དམིགས་བསལ"དགེ་རྒན་ཞིག་བྱས་པ་རེད། 
    ༄༅།།བོད་ལྗོངས་ཀྱི་དམིགས་བསལ་སློབ་གྲྭའི་ནང་གི་དམིགས་བསལ་དགེ་རྒན།
    ༄༅།།བོད་ལྗོངས་ཀྱི་དམིགས་བསལ་སློབ་གྲྭའི་ནང་གི་དམིགས་བསལ་དགེ་རྒན།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།