འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།སྲོལ་རྒྱུན་གྱི་རིག་གནས་དར་རྒྱས་གོང་འཕེལ་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་21ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། “འདི་ནི་སྤུས་དག་གི་ནོར་གྱི་ཁུ་ལུ་རེད། མ་བཅོས་རྒྱུ་ཆ་ནོར་གྱི་ཁུ་ལུ་ནི་འབྲོག་པའི་ས་ནས་ཉོས་པ་ཞིག་ཡིན། དེ་ཧ་ཅང་དྲོ་ལ་སྤུས་ཀ་དག་པས་ཁྲོམ་རར་བཏོན་མ་ཐག་དགའ་བསུ་ཆེན་པོ་ཐོབ་སོང”ཞེས་སི་ཁྲོན་ཞིང་ཆེན་རྔ་པ་ཀྲོའུ་མཛོད་དགེ་རྫོང་སྟག་ཚ་དགོན་གྲོང་རྡལ་ཧུང་ཀོང་གྲོང་རྡལ་གྱི་ནོར་གཡང་ཀུང་སིའི་བོད་རིགས་ཕོ་གཞོན་བསོད་ནམས་དོན་གྲུབ་ཀྱིས་ཐུན་མོང་མ་ཡིན་པའི་ནོར་གྱི་ཁུ་ལུའི་ཐོན་རྫས་སྟོན་བཞིན་བཤད་ཅིང་། ཁོང་གིས“ང་ཚོས་འབད་འཐབ་བྱས་པ་བརྒྱུད་རང་མི་རིགས་ཀྱི་འཁེལ་འཐག་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ཡག་པོ་གཏོང་རེ་བྱེད་ཀྱི་ཡོད་ལ། ཀུང་སི་འཕེལ་རྒྱས་སྟོབས་ཆེར་ཕྱིན་པ་དང་བསྟུན་ནས་ཞིང་འབྲོག་པ་དེ་བས་མང་བ་ཕྱུག་པོ་ཆགས་རྒྱུར་སྣེ་ཁྲིད་ཐུབ་རེ་བྱེད་ཀྱི་ཡོད”ཅེས་བསོད་ནམས་དོན་གྲུབ་ཀྱིས་བཤད།
         ཀུང་སིའི་ཐོན་སྐྱེད་འཁེལ་འཐག་འཁོར་ཁང་དུ་སྐྱོད་སྐབས། འཕྲུལ་འཁོར་འགའ་ཤས་ནས་ནོར་གྱི་ཁུ་ལུའི་ཐོན་རྫས་འཐག་བཞིན་འདུག ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ནོར་གཡང་ཀུང་སིས་ཉེ་འཁོར་གྱི་ཤང་དང་གྲོང་རྡལ་ནས་ནོར་གྱི་ཁུ་ལུ་ཏུན་6ཉོས་པར་ཕལ་ཆེ་བ་གནད་སྨིན་དབུལ་སྐྱོར་དུད་ཚང་13དང་དབང་པོ་སྐྱོན་ཅན་དུད་ཚང་2ནས་ཉོས་པ་རེད། འཁོར་ཁང་ནང་ཡུལ་དེ་གའི་གྲོང་མི་བཞི་ལྔ་ཙམ་གྱིས་ཐོན་སྐྱེད་ལས་སྣོན་བྱེད་བཞིན་འདུག་ལ། དལ་ལྷོད་འཚམ་པའི་ཐགས་འཐག་པའི་སྒྲ་དང་བསྟུན་ནས་བསོད་ནམས་དོན་གྲུབ་ཀྱིས་གསར་འགོད་པར་ཁོང་ཚོས་ལས་གཏོད་བྱས་པའི་སྐོར་གླེང་།
         2016ལོར་བསོད་ནམས་དོན་གྲུབ་དང་ཕུར་བ་རྒྱལ་གྱིས་དཀར་མཛེས་རྟའུ་རྫོང་གཡུ་ཁོག་ཆུས་གཡུ་ཉི་ཤང་གི་སློབ་ཆུང་ཞིག་ཏུ་སློབ་སྐྱོར་ལ་བསྐྱོད། ཡུལ་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་དང་སྦྲགས་གྲོང་ཚོའི་སློབ་ཆུང་གི་དགེ་རྒན་ཇེ་མང་དུ་སོང་བ་དང་དཔལ་འབྱོར་ཆ་རྐྱེན་ཡང་ལེགས་སུ་ཕྱིན་ཡོད། ཁོང་གཉིས་པོས་དགེ་རྒན་མང་དུ་སོང་བས་བྱ་ཐབས་གཞན་བརྒྱུད་ཡུལ་དེ་གའི་སློབ་མར་རོགས་རམ་ཐུབ་མིན་དང་། ཁོང་ཚོའི་དམའ་འབྲིང་དང་མཐོ་འབྲིང་དང་དེ་བཞིན་འབྱུང་འགྱུར་གྱི་སློབ་སྦྱོང་ངམ་ལས་ཞུགས་གནད་དོན་ཐག་གཅོད་གང་འདྲ་བྱེད་མིན་ཐད་སློབ་གསེང་དུ་གྲོས་བསྡུར་བྱས། ཁོང་གཉིས་པོས་འཕྲལ་དུ་ཕ་ཡུལ་མཛོད་དགེར་ལོག་པ་དང་། ཁྲེང་ཏུའུ་རུ་སྨྱན་སྦྱོར་སློབ་སྦྱོང་བྱེད་བཞིན་པའི་གཅོད་པ་རྒྱལ་བཙལ་ཞིང་། ཁོང་གསུམ་པོས་མཉམ་དུ“ནོར་གཡང་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སི”དང“ནོར་གཡང་ཞིང་པའི་ཆེད་ལས་མཉམ་ལས་ཁང”བཙུགས།
         བསོད་ནམས་དོན་གྲུབ་ཀྱིས་ཀུང་སི་ནས་གཙོ་བོ་མི་རིགས་ཀྱི་སྲོལ་རྒྱུན་འཁེལ་འཐག་རིག་གནས་དང་སྤོས་བཟོ་སྟངས་སོགས་མི་རིགས་ཀྱི་བཟོ་རྩལ་བྱ་གཞག་རྒྱུན་འཛིན་བྱེད་ཀྱི་ཡོད། ནོར་གྱི་ཁུ་ལུས་བཏགས་པའི་འཁེལ་འཐག་ཐོན་རྫས་དང་ནོར་གཞུང་སྤོས་ནི་གཙོ་བྲིན་ཐོན་རྫས་ཡིན་པ་མ་ཟད། ཆེད་ལས་རྩལ་ནུས་གསོ་སྦྱོང་དང་སློབ་གྲྭ་ཆེ་མོ་བའི་ལས་གཏོད་སྤེལ་རེས་ཀྱི་ཞབས་ཞུའི་ལས་སྟེགས་སྣ་ཚོགས་གཉེར་ཡོད་ཅེས་བཤད།
         “ང་ཚོ་གསུམ་གྱི་ལས་གཏོད་ལམ་བུ་ལས་སླ་པོ་ཞིག་མིན། དེ་སྔ་བློས་གཏོང་གི་བསམ་བློ་འཁོར་མྱོང་། འོན་ཀྱང་མཐའ་འཁྱོངས་བྱས་པ་ཡིན”ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱ་རྒྱུར་སྲིད་ཇུས་བཟང་པོ་འཕྲད་བྱུང་། ན་ནིང་ང་ཚོ་སི་ཁྲོན་ཞིང་ལས་དངོས་མང་སྟོན་ཚོགས་དང་ཅང་སུའུ་ཞིང་ཆེན་གྱི་ཞིང་ལས་དངོས་མང་སྟོན་ཚོགས་ནང་ཞུགས་པས། ལག་པས་བཏགས་པའི་ཁུ་ལུའི་ཟོན་རྫས་བྲིན་ཁ་རྒྱུག་ཤོས་བྱུང་ཡོད་ལ་སྐད་གྲགས་ཆོད་ཚད་ཀྱང་སྔར་བས་ཆེ་རུ་ཕྱིན་ཡོད”ཅེས་ཕུར་བ་རྒྱལ་གྱིས་གསར་འགོད་པར་བཤད། ཁོང་གིས“ང་ཚོའི་མི་རིགས་ཀྱི་རིག་གནས་ཕྱིར་ཁྱབ་པ་དང་སྦྲགས་མི་དེ་བས་མང་བར་རོགས་རམ་ཐུབ་པས་རིག་གནས་རྒྱུན་འཛིན་ཐད་སེམས་ཁྲལ་བྱེད་དགོས་མེད”ཅེས་བཤད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།