འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།བཅར་འདྲི་དང་ལེན་བྱེད་མཁན་བཅུ་ཆ་བརྒྱད་ཙམ་གྱིས་ཐ་མག་གི་ཤོག་སྒམ་སྟེང་ཉེན་བརྡའི་
    པར་རིས་བེད་སྤྱོད་རྒྱུར་རྒྱབ་སྐྱོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་16ཉིན། 15:33】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་15ཉིན། ཀྲུང་གོ་ཐ་མག་ཚོད་འཛིན་མཐུན་ཚོགས་ཀྱིས་པེ་ཅིང་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། པེ་ཅིང་དང་ཐེན་ཅིན། ཀྲེང་ཀྲོའུ། ཐང་ཧྲན་བཅས་གྲོང་ཁྱེར་4ཡི་སྤྱི་དམངས་ཀྱིས་ཐ་མག་གི་ཤོག་སྒམ་སྟེང་ཉེན་བརྡའི་པར་རིས་བེད་སྤྱོད་རྒྱུར་འཛིན་པའི་རྣམ་འགྱུར་གྱི་བརྟག་དཔྱད་བྱས་འབྲས་ཁྱབ་བསྒྲགས་བྱས་པ་རེད།
         བརྟག་དཔྱད་ལས་མངོན་པར་གཞིགས་ན། བཅར་འདྲི་དང་ལེན་བྱེད་མཁན་བཅུ་ཆ་བརྒྱད་ཙམ་གྱིས་ཀྲུང་གོས་ཐ་མག་གི་ཤོག་སྒམ་སྟེང་རྡོ་ཐའི་གནོད་འཚེའི་ཉེན་བརྡའི་པར་རིས་བེད་སྤྱོད་རྒྱུར་རྒྱབ་སྐྱོར་བྱས་པ་དང་། བཅར་འདྲི་དང་ལེན་བྱེད་མཁན་བཅུ་ཆ་བདུན་ཙམ་གྱིས་བདེ་ཐང་འཚེ་བའི་ཉེན་བརྡ་འཁོད་པའི་ཐ་མག་གཞན་ལ་ལག་རྟགས་སུ་སྤྲོད་མི་འདོད་པའི་རྣམ་འགྱུར་གསལ་པོ་བསྟན་པ་རེད།
         མག་ཚོད་འཛིན་གྱི་རིགས་གཅིག་མཁས་ཅན་ཞིབ་འཇུག་པ་ཞུས་ཀུའེ་ཧྭ་ཡིས། “གང་མགྱོགས་ཐ་མག་གི་ཤོག་སྒམ་སྟེང་ཉེན་བརྡའི་པར་རིས་སྤྱོད་པའིགཏན་འབེབས་བཟོས་ནས་བཀྲམ་ཚེ། ཐ་མག་འཐེན་མཁན་གྱིས་ཐ་མག་གཅོད་རྒྱུར་སྐུལ་འདེད་ཀྱི་ཕན་ནུས་ལྡན་པ་མ་ཟད། ཐ་མག་འཐེན་མཁན་མིན་པ་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་རྣམས་རྡོ་ཐ་དང་རྒྱང་རིང་དུ་གཏོང་ཐུབ་ལ། རང་རྒྱལ་གྱི་སྨན་བཅོས་ཁུར་པོའང་དམའ་རུ་གཏོང་བ་དང་ནད་རིགས་སྔོན་འགོག་གི་ཕན་འབྲས་ཀྱང་ཐོན་གྱི་ཡོད”ཅེས་བརྗོད་ཡོད་པ་རེད།
     
     
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།