འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།དྲག་ཆས་ཉེན་རྟོག་ཀོང་ཏུང་མཚོ་དམག་གིས་མཚོ་ཐོག་ཏུ་མཚོན་ཆ་རིགས་སྣ་ཚོགས་ཀྱི་ཚ་ཁ་བལྟས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་16ཉིན། 15:00】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།དྲག་ཆས་ཉེན་རྟོག་ཀོང་ཏུང་མཚོ་དམག་གིས་མཚོ་ཐོག་ཏུ་མཚོན་ཆ་རིགས་སྣ་ཚོགས་ཀྱི་ཚ་ཁ་བལྟས་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། དྲག་ཆས་ཉེན་རྟོག་ཀོང་ཏུང་མཚོ་དམག་རུ་ཁག་གསུམ་གྱིས་ཀྲན་ཅང་ནས་ལྷོ་རྒྱ་མཚོའི་མཚོ་ཁོངས་ཤིག་ལ་མཚོ་ཐོག་ཏུ་མཚོན་ཆ་རིགས་སྣ་ཚོགས་ཀྱི་ཚ་ཁ་བལྟས་ནས་མཚོ་དམག་གིས་མཚོ་ཐོག་ཏུ་ཁྲིམས་འཛིན་སྐོར་གཡེང་ལས་རེས་དང་། ཐོལ་བྱུང་དོན་རྐྱེན་ལ་ཐག་གཅོད། མཐུན་སྦྱོར་གཞོགས་འདེགས་བཅས་ཀྱི་ནུས་པ་མཐོ་ཏུ་བཏང་ཡོད་པ་རེད།
         དུས་ཡུན་ཉིན་གཉིས་ལྷག་རིང་གི་མཚོ་ཐོག་དམག་སྦྱོང་ནང་། ཉིང་ལག་རུ་ཁག་དེས་དམག་གྲུ་མང་པོ་མཚོ་ཐོག་ཏུ་དམག་གྲུའི་རུ་སྟར་སྒྲིག་སྟེ་རྒྱ་མཚོ་ཆེན་པོའི་ཐོག་ཏུ་དངོས་འཐབ་གྱི་ཚན་ཁག་སྦྱོང་བརྡར་བྱས་ནས་མཚོ་དམག་གིས་་མེ་སྒྱོགས་30རྟགས་ཅན་དང་། ཧོ་སྨི་12.7ཅན་གྱི་མེ་མདའ་སྦག་སྦག ཧོ་སྨི་14.5ཅན་གྱི་མེ་མདའ་སྦག་སྦག 95-1རྟགས་ཅན་གྱི་འཕྲལ་རྒོལ་རིང་མདའ་བཅས་ཀྱི་ཚ་ཁ་བལྟས་ནས་དམག་གྲུ་རྐྱང་པ་དང་ཁྱོན་ཡོངས་ཀྱི་དམག་འཐབ་ནུས་པ། འགན་ཁུར་མི་སྣའི་ནུས་པ་བཅས་མཐོ་རུ་གཏོང་བར་བརྟག་དཔྱད་ཞིབ་བཤེར་བྱས་པ་རེད།
         ཉེ་བའི་ལོ་ཤས་རིང་། མཚོ་ཐོག་ཉེན་རྟོག་དམག་དཔུང་འཕེལ་རྒྱས་དང་རྒྱ་སྐྱེད་བྱུང་བ་དང་བསྟུན་ནས། དམག་གྲུ་གསར་པ་རབ་དང་རིམ་པ་རྒྱུན་ཆད་མེད་པར་དམག་དཔུང་ལ་སྒྲིག་སྦྱོར་བྱུང་སྟེ། རྙོག་འཛིང་ཆེ་བའི་མཚོ་ཐོག་ཁོར་ཡུག་ཆ་རྐྱེན་འོག་ཁྲིམས་འཛིན་སྐོར་གཡེང་དང་ལས་རེས་བྱ་བར་འགན་སྲུང་ལེགས་པོ་ཞིག་འདོན་སྤེལ་བྱས་ཡོད། ད་ཐེངས་ཀྱི་དངོས་འཐབ་ཅན་གྱིས་མཚོ་ཐོག་ཉེན་རྟོག་དཔོན་དམག་གི་མཚོ་ཐོག་ཏུ་ལས་འགན་གལ་ཆེན་ཁག་གྲུབ་པའི་ཕྱོགས་བསྡུས་ནུས་པར་བརྟག་དཔྱད་ཞིབ་བཤེར་ནུས་ལྡན་ཐུབ་ཡོད་པ་རེད།
     
    【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】  【11】  【12】
    ༄༅།།དྲག་ཆས་ཉེན་རྟོག་ཀོང་ཏུང་མཚོ་དམག་གིས་མཚོ་ཐོག་ཏུ་མཚོན་ཆ་རིགས་སྣ་ཚོགས་ཀྱི་ཚ་ཁ་བལྟས་པ།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།