འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པས་ཨ་རིར་འཚམས་
    འདྲི་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་16ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཡིན་པའི་པད་མ་དབང་འདུས་ཀྱིས་སྣེ་ཁྲིད་པའི་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པས་ཟླ་5ཚེས་9ཉིན་ནས་ཚེས་14ཉིན་བར་ཨ་རིར་འཚམས་འདྲི་བྱས་པ་རེད། ཝ་ཧྲིན་ཐོན་དུ། འཐུས་མི་ཚོགས་པས་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་མི་དང་རྒྱལ་དོན་ཁང་གི་དཔོན་རིགས་བཅས་དང་ཐུག་འཕྲད་དང་ཆེད་ལས་མཁས་པ་དང་བཞུགས་མོལ་བྱས་པ་དང་། ཅིའུ་ཅིན་ཧྲན་དུ་འཐུས་མི་ཚོགས་པས་ད་དུང་ས་གནས་དེ་གའི་ཕྱི་སྡོད་ཀྲུང་གོ་བ་དང་། བོད་རིགས་སྤུན་ཟླ་རྣམས་དང་སྤེལ་རེས་ཀྱང་བྱས་པ་རེད།    
         ཨ་རི་ཕྱོགས་དང་ཐུག་འཕྲད་བྱེད་སྐབས། པདྨ་དབང་འདུས་ཀྱིས། བོད་འབྲེལ་གནད་དོན་ནི་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་དང་འབྲེལ་བ་ཡོད་ལ། ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བའང་ཡོད། བོད་ལྗོངས་ཀྱི་གནད་དོན་ནི་ཀྲུང་གོའི་ནང་ཁོངས་ཀྱི་གནད་དོན་ཡིན་པས། ཕྱི་རྒྱལ་བ་སུ་ཞིག་ལའང་ཐེ་ཇུས་བྱེད་དབང་མེད། བོད་ལྗོངས་ཀྱི་གནས་ཚུལ་དེ། བོད་ལྗོངས་སུ་འཚོ་བ་སྐྱེལ་བཞིན་པའི་མི་ཁྲི་300ལ་སྐད་ཆ་ཤོད་པའི་དབང་ཆ་ཡོད། དེར་བརྟེན་ཨ་རི་ཕྱོགས་ཀྱིས་བོད་འབྲེལ་གནད་དོན་གལ་ཆེན་ལ་ངོས་འཛིན་གསལ་པོ་བྱེད་པ་དང་། ཏཱ་ལའི་ཚོགས་པས་ཀྲུང་གོར་ངོ་རྒོལ་དང་ཁ་ཕྲལ་གཏོང་བའི་ངོ་བོ་གསལ་པོ་ཤེས་པ། ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་གནད་དོན་གལ་ཆེན་ལ་བརྩི་སྲུང་བཅས་བྱས་ཏེ་ཏཱ་ལའི་ཚོགས་པའི་འགོ་གཙོར་ཕྱོགས་མྱུལ་ངན་འབྲེལ་བྱེད་མི་འཇུག་པ་དང་། རྣམ་པ་གང་རུང་གི་ཐབས་ལམ་ནས་འབྲེལ་བ་མི་བྱེད་པ། ཀྲུང་གོར་ངོ་རྒོལ་དང་ཁ་ཕྲལ་གཏོང་བའི་བྱ་སྤྱོད་གང་རུང་ལའང་རྒྱབ་སྐྱོར་དང་སྟབས་བདེ་མི་བསྐྲུན་པ། བོད་འབྲེལ་གནད་དོན་ལ་ཡིད་གཟབ་བྱས་ཏེ་ཐག་གཅོད་ནས་ཀྲུང་གོ་དང་ཨ་རིའི་དབར་གྱི་འབྲེལ་བར་འགལ་རྐྱེན་མི་ཡོང་བ་བྱ་དགོས་པའི་རེ་བ་ནན་གྱིས་བསྟན་པ་རེད། 
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།