འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་ནོར་སྲིད་ཡོང་འབབ་དུས་མཚུངས་ལས་
    12.9%འཕར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་16ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ནོར་སྲིད་པུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། ཟླ་བཞི་པར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་18473ཟིན་ནས་དུས་མཚུངས་ལས་11%འཕར་ཡོད། ཟླ་དང་པོ་ནས་བཞི་པའི་བར་རིམ་རྩིས་བྱས་ན། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་69019ཟིན་ནས་དུས་མཚུངས་ལས་12.9%འཕར་ཡོད། དེའི་ནང་ཀྲུང་དབྱང་གི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་33230ཟིན་ནས་དུས་མཚུངས་ལས་17.1%འཕར་བ་དང་། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་རིམ་པ་དེ་གའི་ཡོང་འབབ་སྒོར་35789ཟིན་ནས་དུས་མཚུངས་ལས་9.2%འཕར་ཡོད། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ཁྲོད་ཀྱི་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་60898ཟིན་ནས་དུས་མཚུངས་ལས་16.5%འཕར་བ་དང་ཁྲལ་མིན་ཡོང་འབབ་སྒོར་དུང་ཕྱུར་8121ཟིན་ནས་དུས་མཚུངས་ལས་8.8%ཆག་ཡོད།
         ཟླ་དང་པོ་ནས་བཞི་པའི་བར་རིམ་རྩིས་བྱས་ན། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་65693ཟིན་ནས་དུས་མཚུངས་ལས་10.3%འཕར་ཡོད། གཏོང་སྒོ་གཙོ་བོ་གཏོང་ཡུལ་ཁྱབ་ཁོངས་གཤམ་གསལ་ཏེ། སློབ་གསོའི་ཐད་སྒོར་དུང་ཕྱུར་9565བཏང་ནས་དུས་མཚུངས་ལས་7.1%འཕར་བ་དང་། ཚན་རིག་ལག་རྩལ་ལ་སྒོར་དུང་ཕྱུར་1811བཏང་ནས་དུས་མཚུངས་ལས་11.8%འཕར་བ། རིག་གནས་ལུས་རྩལ་དང་སྨྱན་སྦྱོར་ལ་སྒོར་དུང་ཕྱུར་790བཏང་ནས་དུས་མཚུངས་ལས་12.5%འཕར་བ། སྤྱི་ཚོགས་འགན་བཅོལ་དང་ལས་ཞུགས་ལ་སྒོར་དུང་ཕྱུར་11007བཏང་ནས་དུས་མཚུངས་ལས་10.9%འཕར་བ། ཞིང་ནགས་ཆུ་བཅས་ལ་སྒོར་དུང་ཕྱུར་4933བཏང་ནས་དུས་མཚུངས་ལས་20.4%འཕར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།