འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་69ལ་སོན་པའི“རྐང་པ་རྫུས་མ་བསྒར་བའི་བགྲེས་སོང”གིས་ཇོ་མོ་གླང་མར་
    འཛེགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་16ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། པེ་ཅིང་དུས་ཚོད་ཟླ་5ཚེས་14ཉིན་གྱི་སྔ་དྲོའི་ཆུ་ཚོད་10དང་སྐར་མ་41ཙམ་ལ་ལོ་བདུན་བཅུར་སླེབས་ལ་ཉེ་བའི་པེ་ཅིང་གི“རྐང་མ་རྫུས་མ་བསྒར་བའི་བགྲེས་སོང”ཞ་པོ་ཡུས་ཀྱིས་ཉིན་བདུན་ནང་ཇོ་མོ་གླང་མར་འཛེགས་ཏེ་ཁོང་གིས་ལོ་43རིང་། སེམས་དབུས་སུ་བཅངས་པའི་ཕུགས་འདུན་མངོན་འགྱུར་བྱུང་ཁར། འཛམ་གླིང་ཐོག་ལོ་ན་མཐོ་ཤོས་ཀྱི་དབང་པོ་སྐྱོན་ཅན་ཇོ་མོ་གླང་མར་འཛེགས་མཁན་དང་པོར་གྱུར་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། འདི་ནི་ཞ་པོ་ཡུས་ཀྱིས་ཇོ་མོ་གླང་མར་འཛེགས་ཐེངས་ལྔ་པ་ཡིན་པ་དང་། 1975ལོར་ཀྲུང་གོའི་རི་འཛེག་རུ་མི་ཞིག་ཡིན་པའི་ལོ་26ལ་སླེབས་པའི་ཞ་པོ་ཡུས་ཀྱིས་ཇོ་མོ་གླང་མར་འཛེགས་པ་རེད། ཁོང་གིས“སྐབས་དེ་དུས་རི་རྩེར་སྨི་200ཙམ་ལས་མི་འདུག ངའི་བསམ་པར་རི་རྩེར་འཛེགས་ཐུབ་ཀྱི་རེད་སྙམ་བྱུང་། གློ་བུར་དུ་དྲག་རླུང་ལྡང་ནས་ཡར་ལངས་ཐབས་བྲལ་བས་མི་ལོག་ཀ་མེད་བྱུང”ཞེས་བཤད། སྨི་7600ཡི་སྒར་ཁུལ་དུ་བོད་རིགས་རུ་མི་ཞིག་གི་ཉལ་ཁུག་བརླགས་པ་དང་། ཞ་པོ་ཡུས་ཀྱིས་རང་ཉིད་ཀྱི་ཉལ་ཁུག་དེ་ཁོང་ལ་སྤྲད་པས་རང་ཉིད་ཀྱི་རྐང་པ་གཉིས་འཁྱགས་སྦོས་ཐེབས་ནས་གཅོད་དགོས་འཁེལ་བ་རེད། སྐབས་དེ་དུས་ཞ་པོ་ཡུས་དང་མཉམ་དུ་ཇོ་མོ་གླང་མར་འཛེགས་མཁན་རུ་མིའི་ཁྲོད་ནས་མི་9རི་རྩེར་འཛེགས་ཐུབ་ཡོད། སྨན་ཁང་དུ་སྨན་བཅོས་བྱེད་བཞིན་པའི་ཞ་པོ་ཡུས་ལ་སྒྲ་སྡུད་འཕྲུལ་འཁོར་ནས་གནས་ཚུལ་དེ་ཐོས་རྗེས་དགའ་སྐྱོ་གཉིས་ལྡན་གྱི་བསམ་བློ་ཅིག་ཅར་དུ་འཆར། “ལོ་40ཡི་རིང་། སླར་ཡང་ཇོ་རིར་འཛེག་རྒྱུ་ནི་ངའི་འབད་འཐབ་ཀྱི་དམིགས་ཡུལ་ཡིན་པས། ངས་བློས་གཏོང་གཏན་ནས་བྱེད་མྱོང་མེད”1975ལོ་ནས་2018ལོ་བར། རྐང་པ་རྫུས་མ་བསྒར་བའི་ཞ་པོ་ཡུས་ཀྱིས་སླར་ཡང་ཇོ་རིར་ཐེངས་མང་འཛེགས་པས་མཐར་ཁོང་གི་བསམ་འདུན་གྲུབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།