འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཧོང་ཕུའུ་འགག་སྒོས་བ་སོའི་ཐོན་རྫས་740ལྐོག་འདྲེན་བྱས་པ་རྩད་ཆོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་15ཉིན། 16:18】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཧོང་ཕུའུ་འགག་སྒོས་བ་སོའི་ཐོན་རྫས་740ལྐོག་འདྲེན་བྱས་པ་རྩད་ཆོད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་14ཉིན། གསར་འགོད་པས་ཧོང་ཕུའུ་འགག་སྒོ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་ཧོང་ཕུའུ་འགག་སྒོ་ལྐོག་འདྲེན་འཛིན་བཟུང་ཅུས་ཀྱིས་བ་སོའི་ཐོན་རྫས་ལྐོག་འདྲེན་བྱས་པའི་དོགས་གཞིའི་གནད་དོན་ཞིག་རྩད་ཚོད་བྱུང་ནས། ཞིབ་བཤེར་བྱས་པ་བརྒྱུད། ད་ཐེངས་ཀྱི་བྱ་སྤྱོད་དེར་ཁྱོན་བསྡོམས་པས་བ་སོའི་ཐོན་རྗས་ཀྱི་གྱོད་གཞི་དང་འབྲེལ་བ་740ཙམ་ཞིབ་བཤེར་བཀག་ཉར་བྱས་ཡོད་ལ། ལྗིད་ཚད་ལ་ཁྱོན་བསྡོམས་པས་སྤྱི་རྒྱ་28.83ཡོད་པ་དང་། དེའི་ནང་ཨ་ཧྥེ་རི་ཁའི་བ་སོའི་ཐོན་རྫས་སྤྱི་རྒྱ་15.72དང་། མེང་མཱ་བ་སོའི་ཐོན་རྫས་སྤྱི་རྒྱ་13.11ཡོད་པས། རྩད་ཆོད་ནས་ཉེས་གསོག་དོགས་ཅན་གཉིས་བཟུང་ཡོད། གྱོད་གཞི་དེ་ནི་འདི་ལོའི་འཛམ་གླིང་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱིས་གྲོས་འགོ་བཏོན་པ་དང་། སྤྱི་བདེ་པུའུ་ཡིས་སྣེ་ཁྲིད་པའི་སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཁྲིམས་འགལ་ངང་ཉོ་ཚོང་ལ་རྡུང་རྡེག་གཏོང་བའི་བྱ་སྤྱོད་སྤེལ་བ་ནས། ཧོང་ཕུའུ་འགག་སྒོས་བ་སོའི་ཐོན་རྫས་ལྐོག་འདྲེན་གྱོད་གཞི་རྩད་ཆོད་པ་ཐོག་མ་ཡིན་པ་རེད།
    ༄༅།།ཧོང་ཕུའུ་འགག་སྒོས་བ་སོའི་ཐོན་རྫས་740ལྐོག་འདྲེན་བྱས་པ་རྩད་ཆོད་པ།
    ༄༅།།ཧོང་ཕུའུ་འགག་སྒོས་བ་སོའི་ཐོན་རྫས་740ལྐོག་འདྲེན་བྱས་པ་རྩད་ཆོད་པ།
      

    ཕྱོགས་བསྡུས་གསར་འགྱུར།