འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་ནོར་སྲིད་ཡོང་འབབ་ན་ནིང་ལས་12.9%
    འཕར་ནས་སྒོར་དུང་ཕྱུར་69019ཟིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་15ཉིན། 16:15】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ནོར་སྲིད་པུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། ཟླ་བཞི་པར་རྒྱལ་ཡོངས་ཀྱི་སྤྱི་པའི་སྔོན་རྩིས་དཀྱུས་མའི་ཡོང་འབབ་སྒོར་དུང་ཕྱུར་33230ཟིན་པས་ན་ནིང་ལས་11%འཕར་ཡོད་པ་དང་། ཟླ་དང་པོ་ནས་བཞི་པའི་བར་ཁྱོན་བསྡོམས་རྒྱལ་ཡོངས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་69019ཟིན་པས་ན་ནིང་ལས་12.9%འཕར་ཞིང་། དེའི་ནང་། ཀྲུང་དབྱང་གི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་33230ཟིན་པས་ན་ནིང་ལས་17.1%འཕར་ཡོད་ལ། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་རིམ་པ་འདི་གའི་ཡོང་འབབ་སྒོར་དུང་ཕྱུར་35789ཟིན་པས་ན་ནིང་ལས་9.2%འཕར་ཡོད། རྒྱལ་ཡོངས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་ཁྲོད་ཀྱི་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་60898ཟིན་པས་ན་ནིང་ལས་16.5%འཕར་ཡོད་ལ། ཁྲལ་མིན་ཡོང་འབབ་སྒོར་དུང་ཕྱུར་8121ཟིན་པས་ན་ནིང་ལས་8.8%ཆག་ཡོད་པ་རེད།
         ཟླ་དང་པོ་ནས་བཞི་པའི་བར་ཁྱོན་བསྡོམས་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་65693ཟིན་པས་ན་ནིང་ལས་10.3%འཕར་ཡོད་པ་དང་། གཙོ་བོ་གཏོང་སྒོའི་རྣམ་གྲངས་གཤམ་གསལ་ཏེ། སློབ་གསོའི་ཐད་གི་གཏོང་སྒོ་སྒོར་དུང་ཕྱུར་9565ཟིན་པས་ན་ནིང་ལས་7.1%འཕར་ཡོད། ཚན་རིག་ལག་རྩལ་གྱི་གཏོང་སྒོ་སྒོར་དུང་ཕྱུར་1811ཟིན་པས་ན་ནིང་ལས་11.8%འཕར་ཡོད། རིག་གནས་ལུས་རྩལ་དང་སྨྱན་སྦྱོར་གྱི་གཏོང་སྒོ་སྒོར་དུང་ཕྱུར་790ཟིན་པས་ན་ནིང་ལས་12.5%འཕར་ཡོད། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་11007ཟིན་པས་ན་ནིང་ལས་10.9%འཕར་ཡོད། ཞིང་ནགས་ཆུ་ལས་གསུམ་གྱི་གཏོང་སྒོ་སྒོར་4933ཟིན་པས་ན་ནིང་ལས་20.4%འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།