འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་རྟ་རྩལ་འགྲན་བསྡུར་གྱི་ལེགས་སྐྱེས་འགྲན་བསྡུར་མཇུག་འགྲིལ་བ། བོད་ལྗོངས་རུ་
    ཁག་གིས་ཚོགས་པའི་ཨང་དང་པོ་བླངས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་15ཉིན། 16:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།རྒྱལ་ཡོངས་རྟ་རྩལ་འགྲན་བསྡུར་གྱི་ལེགས་སྐྱེས་འགྲན་བསྡུར་མཇུག་འགྲིལ་བ། བོད་ལྗོངས་རུ་
ཁག་གིས་ཚོགས་པའི་ཨང་དང་པོ་བླངས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་13ཉིན། 2018ལོའི་རྒྱལ་ཡོངས་རྟ་རྩལ་འགྲན་བསྡུར་གྱི་ལེགས་སྐྱེས་འགྲན་བསྡུར་མཇུག་འགྲིལ་བ་དང་། མཐའ་མཇུག་ཉིན་མོའི་བཀག་རྩལ་འགྲན་བསྡུར་བྱས་པར་བརྒྱུད། ཚོགས་པའི་འགྲན་བསྡུར་གྱི་བང་རིམ་ལ་འགྱུར་ལྡོག་བྱུང་བ་རེད། དེ་སྔོན་ཉིན་གཉིས་ཀྱི་འགྲན་བསྡུར་ནང་ཨང་དང་པོ་ཡིན་པའི་ཀོང་ཏུང་རུ་ཁག་ཨང་གཉིས་པར་ཟགས་པ་དང་། ཨང་གསུམ་པ་ཡིན་པའི་བོད་ལྗོངས་རུ་ཁག་གིས་བརྩོན་ལེན་བྱས་པ་བརྒྱུད་ཚོགས་པའི་ཨང་དང་པོ་བླངས་པ་རེད། ཅང་སུའུ་རུ་ཁག་དང་ཧྲང་ཧའེ་རུ་ཁག་ལ་ཁག་སོ་སོར་ཨང་གསུམ་པ་དང་བཞི་པ་ཐོབ་པ་རེད།    རྒྱལ་ཡོངས་རྟ་རྩལ་འགྲན་བསྡུར་གྱི་ལེགས་སྐྱེས་འགྲན་བསྡུར་ནི། རྒྱལ་ནང་གྱི་རིམ་པ་མཐོ་ཤོས་ཀྱི་རྟ་རྩལ་འགྲན་བསྡུར་ཞིག་ཡིན་པ་དང་། ཐེངས་འདིའི་ལེགས་སྐྱེལ་འགྲན་བསྡུར་ནི། ཀྲུང་གོ་རྟ་རྩལ་མཐུན་ཚོགས་དང་ ཐན་ཅིན་གྲོང་ཁྱེར་ལུས་རྩལ་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། ཐན་ཅིན་གྲོང་ཁྱེར་ལུས་རྩལ་སྤྱི་ཁྱབ་ཚོགས་པ་དང་། ཐན་ཅིན་གྲོང་ཁྱེར་རྟ་རྩལ་ལུས་རྩལ་མཐུན་ཚོགས། ཐེན་ཅིན་གྲོང་ཁྱེར་ཀའོ་ཡིང་རྒྱལ་སྤྱིའི་རོལ་རྩེད་ཚད་ཡོད་ཀུང་སི་བཅས་ཀྱིས་སྒྲུབ་འགན་འཁུར་བ་ཞིག་ཡིན་པ་རེད། འདི་ལོའི་འགྲན་བསྡུར་ནི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་འདེམས་སྒྲུག་འགྲན་བསྡུར་ཡིན་ཞིང་། འགྲན་བསྡུར་གྱི་རིམ་པ་ནི་FEIསྐར་རིམ་དང་པོའི་ཆུ་ཚད་ལྟར་ཇུས་འགོད་བྱས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།