འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།རྒན་རྒོན་གྱི་མི་གྲངས་དུང་ཕྱུར་2.41ཟིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་14ཉིན། 14:56】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཙེ་ཀོང་ཀེའི་དུས་དེབ་དང་རྒྱལ་ཡོངས་རྒན་རྒོན་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་དྲིལ་བསྒྲགས་པུའུ་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི“རྒན་རྒོན་ཅན་དུ་འགྱུར་བའི་གནས་ཚུལ་སྐོར་གྱི་སློབ་གསོ་ལ་མཐོང་ཆེན་བགྲོ་གླེང་ཚོགས་འདུ”ཧྲན་ཏུང་ཞིང་ཆེན་ཡན་ཐའེ་རུ་འཚོགས་ཡོད།
         2017ལོའི་ལོ་མཇུག་བར། རང་རྒྱལ་གྱི་ལོ་60ཡན་གྱི་རྒན་རྒོན་གྱི་མི་གྲངས་དུང་ཕྱུར་2.41ཟིན་ནས། སྤྱིའི་མི་འབོར་གྱི་17.3%ཟིན་ཡོད། རྒྱལ་ཡོངས་རྒན་རྒོན་གཞུང་དོན་ཁང་གིས་བསྟན་དོན། སྤྱི་ཚོགས་ཡོངས་ཀྱིས་མི་འབོར་རྒན་རྒོན་ཅན་དུ་འགྱུར་བའི་རྒྱལ་ཁབ་ཀྱི་གནས་ཚུལ་སློབ་གསོ་སྤེལ་བ་དང་། ལྷག་པར་དུ་རིམ་པ་ཁག་གི་ཏང་སྲིད་ལས་ཁུངས་ཀྱི་ལས་བྱེད་པས་མི་འབོར་རྒན་རྒོན་ཅན་དུ་འགྱུར་བའི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་ཚན་རིག་དང་མཐུན་པའི་ངོས་འཛིན་དང་ཚོད་འཛིན་བྱ་དགོས། འཐབ་ཇུས་ཀྱི་འདུ་ཤེས་དང་རིག་པའི་གཞུང་ལུགས་ཀྱི་བྱང་ཚད། སྲིད་ཇུས་ཀྱི་ཆུ་ཚད་བཅས་མཐོ་རུ་གཏོང་ནས། ཁ་གཏད་ཧུར་ཐག་གཅོག་པ་དང་ཚན་རིག་དང་མཐུན་པར་ཁ་གཏད་གཅོག་པ། ཕྱོགས་བསྡུས་ཀྱི་ཁ་གཏད་གཅོག་པ་བཅས་བྱ་དགོས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།