འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་མཁའ་འགྲུལ་ཏེ་ལྷ་ས་ནས་ཝུའུ་ཧན་བར་དུ་ཐད་འཕུར་ཤར་གཏོང་དང་འཕུར་
    ཡུན་ནི་ཆུ་ཚོད་3:30འགོར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་14ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་18ཉིན་ལ། བོད་ལྗོངས་མཁའ་འགྲུལ་གྱི་འཕུར་ལམ་གསར་པ་སྟེ་ལྷ་ས་ནས་ཐད་ཀར་ཝང་ཧན་བར་དུ་ཤར་གཏོང་ཐུབ་རྒྱུ་ཡིན་པ་དང་། ལམ་ཐིག་འདི་ནི་མཁའ་འགྲུལ་གནམ་གྲུ་A319གཏོང་རྒྱུ་དང་། འཕུར་བའི་དུས་ཡུན་ནི་ཆུ་ཚོད་3:30འགོར་ཞིང་། ཉིན་རེར་ཕན་ཚུན་དུ་འཕུར་ཐེངས་རེ་བྱ་རྒྱུ་ཡིན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན།  ལམ་ཐིག་འདི་ནི་ཧུའུ་པེ་ཞིང་ཆེན་གྱིས་ལམ་འབྱེད་པའི་བོད་འབྲེལ་ཐད་འཕུར་མཁའ་ལམ་ཐིག་ཡིན་པ་རེད། 
          ཞིབ་ཕྲ་འཕུར་བའི་ཆ་འཕྲིན་ནི། ལྷ་ས་ནས་ཝུའུ་ཧན་གྱི་བར་གྱི་གནམ་གྲུ་TV9903ཆུ་ཚོད་16:40-20:00བར(གཟའ་ཟླ་བ་ནས་གཟའ་ཉི་མའི་བར)འཕུར་རྒྱུ་ཡིན་པ། ཝུའུ་ཧན་ནས་ལྷ་སའི་བར་དུ་གནམ་གྲུ་TV9904དེ་ཆུ་ཚོད་21:10-00:50བར(གཟའ་ཟླ་བ་དང་མིག་དམར། གཟའ་ལྷག་པ། པ་སངས། སྤེན་པ ཉིན་མ་བཅས)་འཕུར་རྒྱུ་ཡིན་པ་དང་། གནམ་གྲུ་TV9904དེ་ཆུ་ཚོད་20:55-00:35(གཟའ་ཕུར་པ)འཕུར་རྒྱུ་ཡིན་པ་རེད།  
      

    ཕྱོགས་བསྡུས་གསར་འགྱུར།