འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།མངའ་རིས་རྒན་པོའི་བདེ་སྐྱིད་འཚོ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་14ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།མངའ་རིས་རྒན་པོའི་བདེ་སྐྱིད་འཚོ་བ།
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་13ཉིན། འདེམ་འཇོག་གྲོང་ཚོ་ནི་བོད་ལྗོངས་མངའ་རིས་ས་ཁུལ་གྱི་ལྷོ་ནུབ་ཕྱོགས་ཀྱི་སྒར་རྫོང་བཀྲ་ཤིས་སྒང་ཤང་དུ་ཡོད་པ་དང་། ཆ་སྙོམས་རྒྱ་མཚོའི་ངོས་ལས་ས་བབས་མཐོ་ཚད་ལ་སྨི་4000ཡན་ཡོད་པ་དང་། དེ་གར་ལོ་ངོ་34འཚོ་བའི་ཀརྨ་ཚེ་རིང་གིས། རང་ཉིད་ངོ་མས་གྲོང་ཚོ་དེའི་རྗེས་ལུས་ནས་དར་རྒྱས་བྱུང་བའི་བར་གྱི་འགྱུར་ལྡོག་ཉམས་སུ་མྱོང་ཡོད་པ་རེད།
           དུས་རབས་གོང་མའི་ལོ་རབས་བརྒྱད་བཅུ་དང་དགུ་བཅུར་དེ་གར་དུད་ཚང་གཉིས་གསུམ་ལས་མེད་པའི་ལུང་ཁུག་ལུང་ཀྱང་ཞིག་ཡིན་ཞིང་། ཀརྨ་ཚེ་རིང་གིས་ཕྱི་དྲན་བྱེད་དུས་སུ། སྐབས་དེ་དུས་སུ་ལམ་མེད་ལ། གུར་ཀྱང་མེད་ཅིང་། རྡོ་ཡིས་ར་བ་བསྐོར་ཏེ་རླུང་བཀག་ནས་འཚོ་བ་རོལ་བ་ཡིན་ཞིང་། ལུས་སུ་གྱོན་པའི་གོས་ཀྱང་རང་གིས་ལག་འཚེམ་བརྒྱབ་ནས་བཟོས་པ་ཁོ་ན་རེད།
         2012ལོའི་སྔ་རྗེས་སུ་འདེམ་འཇོག་གྲོང་ཚོ་ལ་ཆུ་དང་གློག་ཡོད་ལ། སྣུམ་ནག་ལམ་ཀྱང་ཡོད་པ་མ་ཟད། ད་དུང་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱས་པ་དང་། སྲིད་གཞུང་གི་དབུལ་སྐྱོར་དང་གཅིག་འགྱུར་གྱི་འཆར་འགོད་འོག་དུད་ཁྱིམ་ཚང་མར་ཁང་པ་གསར་པ་ཡོད་ཅིང་། ཚང་མར་དེ་བསྟུན་གྱི་སྲིད་ཇུས་རང་བཞིན་གྱི་འགན་སྲུང་ཡོང་འབབ་ཡོད་པ་རེད།
    ༄༅།།མངའ་རིས་རྒན་པོའི་བདེ་སྐྱིད་འཚོ་བ།
      

    ཕྱོགས་བསྡུས་གསར་འགྱུར།