འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རྔ་པ་སོགས་གེགས་ཁུལ་གྱི་གཙོ་གནད་བཟོ་ལས་གླིང་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་12ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་10ཉིན། དབུན་ཁྲོན་དུ་ས་ཡོམ་བརྒྱབ་ནས་ལོ་10སོང་རིང་། སི་ཁྲོན་གྱི་ས་ཡོམ་གེགས་ཁུལ་གྱི་གློག་དྲར་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་600ལྷག་ཙམ་ཟིན་ནས་གློག་ཤུགས་མཁོ་འདོན་གྱི་ནུས་པ་ས་ཡོམ་མ་བརྒྱབ་གོང་ལས་སྔར་བས་ཆེ་རུ་སོང་སྟེ་སི་ཁྲོན་གྱི་གེགས་རྗེས་བསྐྱར་སྐྲུན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་རྒྱུའི་འགན་ལེན་ནུས་ལྡན་ཞིག་བྱུང་བ་མ་ཟད། རྒྱལ་ཡོངས་ཀྱི་སྔོན་ལ་གློག་ཤུགས་འཕྲལ་སྡོམ་མ་ལག་ཅིག་བསྐྲུན་ནས་གློག་ཤུགས་མཁོ་འདོན་གྱི་འཕྲལ་སྡོམ་དེ“མྱུར་བཟོ”ནས“དོ་དམ”ལ་འགྱུར་ལྡོག་བྱུང་ཡོད།
         དེ་ནི་ཚེས་10ཉིན་གསར་འགོད་པས་རྒྱལ་ཁབ་གློག་དྲ་སི་ཁྲོན་ཞིང་ཆེན་གློག་ཤུགས་ཀུང་སིས་གཉེར་བའི་གསར་འགྱུར་བརྡ་གཏོང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ཞིག་རེད། བསྡོམས་རྩིས་ལ་གཞིགས་ན། ལོ་བཅུའི་རིང་། དབུན་ཁྲོན་ས་ཡོམ་གེགས་ཁུལ་གྱི་གློག་སྒྱུར་ས་ཚིགས་385ནས་728བར་མང་དུ་སོང་བ་དང་། གེགས་ཁུལ་དུ་གློག་གཏོང་མང་ཤོས་ཆན་ཝ་ཁྲི་439ནས་ཁྲི་935བར་འཕར་བ་དང་། གེགས་ཁུལ་དུ་ལོར་གློག་སྤྱོད་པའི་བསྡོམས་འབོར་ཆུ་ཚོད་ཆན་ཝ་དུང་ཕྱུར་260ནས་དུང་ཕྱུར་549བར་མང་དུ་སོང་བ་ནི་ས་ཡོམ་མ་བརྒྱབ་གོང་གི་ལྡབ་2.11ཡིན་པ་རེད།
         གློག་གཏོང་བའི་ནུས་པ་དང་། གློག་དྲའི་གྲུབ་ཆ། ལག་རྩལ་སྒྲིག་ཆས་བཅས་ཀྱི་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་ནས་ས་ཡོམ་གེགས་ཁུལ་གྱི་རང་བྱུང་གནོད་འཚེ་འགོག་པའི་ནུས་པ་དང་གློག་མཁོ་འདོན་གྱི་ནུས་པ་སྔོན་མ་ལས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་མ་ཟད། རྒྱལ་ཁབ་གློག་དྲ་སི་ཁྲོན་གློག་ཤུགས་ཀུང་སིས་གློག་ཐད་ཉོ་དང་། གློག་ལྷག་འཕྲོ་གཏོང་བ། གློག་གསོག་འཇོག དེ་བཞིན་གེགས་ཁུལ་དུ་གནས་སྐབས་གློག་རིན་མི་སྤོར་བ་སོགས་ཀྱི་དམིགས་བསལ་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་ནས་རྔ་པ་དང་ཀོང་ཡོན་སོགས་གེགས་ཁུལ་གྱི་གཙོ་གནད་བཟོ་ལས་གླིང་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་ཡོད།
         རྒྱལ་ཁབ་གློག་དྲ་སི་ཁྲོན་གློག་ཤུགས་ཀུང་སིས་ལོ་10ཙམ་འབད་བརྩོན་བྱས་པ་བརྒྱུད“གཅིག་གྱུར་བཀོད་འདོམས་དང་། ནུས་པ་ཆ་ལག་ཚང་བ། འཕྲལ་མར་སྒྲུབ་པ། ལས་ཕྱོད་ཆེ”བཅས་ཀྱི་འཕྲལ་སྡོམ་མ་ལག་ཅིག་བསྐྲུན་པས་མེད་པ་ནས་ཡོད་པ་དང་། ཁ་ཐོར་ནས་ཕྱོགས་བསྡུས། ཕྱོགས་རྐྱང་པ་ནས་རིག་ནུས་ལྡན་པ་བཅས་བར་འཕེལ་རྒྱས་མྱུར་པོ་བྱུང་བ་མ་ཟད། ལུའུ་ཧྲན་ས་ཡོམ་དང་། ཅིན་ཁོའུ་ཆུ་བོའི་འཁྱགས་པའི་གནོད་འཚེ། གཟི་ཚ་སྡེ་དགུའི་ས་ཡོམ། མའོ་རྫོང་གི་རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་ཐེངས་མང་ཐོན་པ་སོགས་ཀྱི་གནོད་འཚེའི་ཉམས་སད་ཐེག་ཐུབ་པ་བྱུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།