འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་མི་དམངས་འཐུས་མི་བོད་ལྗོངས་འཐུས་མི་ཚོགས་པས་ཁ་ན་ཏ་ལ་འཚམས་འདྲི་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་11ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།རྒྱལ་ཡོངས་མི་དམངས་འཐུས་མི་བོད་ལྗོངས་འཐུས་མི་ཚོགས་པས་ཁ་ན་ཏ་ལ་འཚམས་འདྲི་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་9ཉིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི། བོད་རང་སྐྱོང་ལྗོངས་ཏང་ཨུ་རྒྱུན་ལས་ཨུ་ཡོན། ལྷ་ས་གྲོང་ཁྱེར་གྱི་གྲོང་ཨུད་ཧྲུའུ་ཅི་པདྨ་དབང་འདུས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་མི་བོད་ལྗོངས་འཐུས་མི་ཚོགས་པ་ཁྲིད་དེ་ཁ་ན་ཏ་ལ་འཚམས་འདྲི་བྱས་པ་དང་། ཁ་ན་ཏའི་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣ་དང་ངོ་ཐུག་ནས་བགྲོ་གླེང་བྱས་ཤིང་། བོད་ལྗོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ཁྱོན་ཡོངས་ནས་ངོ་སྤྲོད་བྱས་ལ། ཁོང་ཚོར་དོགས་གཞི་ཡོད་པའི་གནད་དོན་ཚང་མར་འགྲེལ་བཤད་བྱས་པས། ཕན་ཚུན་དུ་རྒྱུས་ལོན་ཟབ་ཏུ་ཕྱིན་ཡོད་ཅིང་། དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།
        པདྨ་དབང་འདུས་ཀྱིས་བོད་ལྗོངས་སུ་མི་རིགས་ས་ཁུལ་རང་སྐྱོང་ལམ་ལུགས་ལག་བསྟར་བྱས་པའི་ཚུན་གྱི་ལོ་རྒྱུས་རང་བཞིན་གྱི་འགྱུར་བ་དང་བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40ཡི་ཚུན། ཁྱད་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་གྱི་བོད་ལྗོངས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དག་ངོ་སྤྲོད་བྱས་པ་རེད། ཁོང་གིས། ཁ་ན་ཏའི་གྲོགས་པོ་ཚོ་བོད་ལྗོངས་སུ་ཡོང་ནས་དེང་སྐབས་ཀྱི་སྤྱི་ཚོགས་རིང་ལུགས་འོག་གི་བོད་ལྗོངས་གསར་པ་ལ་བལྟ་བ་དང་། བོད་ལྗོངས་མི་དམངས་ཀྱི་བསམ་གཞིག་ངོ་མར་ཉན་ཏེ་བོད་ལྗོངས་ཀྱི་དོན་དངོས་རྒྱུས་ལོན་བྱ་རྒྱུར་དགའ་བསུ་ཡོད་པ་བསྟན།
         ཁ་ན་ཏའི་ཕྱོགས་ཀྱིས། ཁ་ན་ཏས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་དང་། ཁ་ན་ཏ་དང་ཀྲུང་གོའི་དབྱི་ཧུའེ་གྲོས་ཚོགས་མཐུན་ཚོགས་ཀྱིས་མུ་མཐུད་ནས་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་གོང་འཕེལ་སྐུལ་འདེད་བྱ་རྒྱུ་དང་། ཨན་ཏ་ལེ་མངའ་སྡེ་ཡིས་ཀྲུང་གོའི་དཔལ་འབྱོར། ཚན་རྩལ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱ་འདོད་ཡོད་ཅིང་། ཁ་ན་ཏར་བོད་ལྗོངས་ཀྱི་ཉེ་བའི་ལོ་འགའི་རིང་གི་ས་ཁོངས་སོ་སོའི་འཕེལ་རྒྱས་གྲུབ་འབྲས་ལ་བག་ཆགས་ཟབ་མོ་ཡོད་པས། མུ་མཐུད་ནས་ཀྲུང་གོ་དང་དྲང་བདེན་གྱི་སྤེལ་རེས་དང་། ཕན་ཚུན་དུ་རྒྱུས་ལོན་མང་པོ་བྱ་རྒྱུ་རྒྱུན་བསྲིངས་བྱ་རྒྱུ་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།